346
བདེ་སྟོང་སྤྱར་བ། བདེ་བ་ད་ང་སྟོང་པ་ཞེས་ལོགས་སུ་མེད་པར། བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་ཀྱིས་སྟོང་ཉིད་
ལ་རྩེ་གཅིག་ཏུ་མཉམ་པར་
བཞག་པ་ལ་ཟེར།
བདེ་སྟོང་དབྱེར་མེད། བདེ་བ་དང་པོར་བསྐྱེད་ནས་དེ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་རྒྱས་འདེབས་པ་
དང་།
ཡང་ཤེས་རབ་དེ་ཉིད་ལ་བདེ་བས་རྒྱས་འདེབས་པ་དང་། དེ་གཉིས་ཀ་གཙོ་བོ་ཡིད་ཀྱི་ཤེས་པ་
གཅིག་གི་
འཁོར་དུ་མཚུང་ས་ལྡན་དུ་སྐྱེད་པ་ལྟ་བུ་མ་ཡིན་གྱི། ལྟེ་བའི་ཨ་ཐུང་འབར་ནས་སྤྱི་བོའི་ཧཾ་ཡིག་ཞུ་
བའི་
འདུ་འཕྲོད་ལ་བརྟེན་ནས་བྱུང་བའི་བདེ་བས་སྟོང་པ་ཡུལ་དུ་བྱས་ནས་འཇིན་པ་ནི་བདེ་སྟོང་དཔྱེར་
མེད་
པའི་དོན་ནོ། ཞེས་རྗེའི་གསུང་གསང་འདུས་དཀའ་གནད་ཟིན་བྲིས་ལས་གསུང་ས།
བདེ་བདེ་པོ། བདེ་པོ་བས་ཀྱང་བདེ་པོ། བདེ་པོ་ལས་ཀྱང་བདེ་པོ།
བདེ་བ་ཡེ་ཤེས་ཀྱི་ཁམས། བཀའ་བརྒྱུད ཁུ་བ་ལྟུང་བའི་བདེ་བའམ་འཛག་བདེ།
བདེ་བ་ལ་རེག་པ། འདུལ་བ ལྟུང་བ་ད་ག་པའི་གནས་སྐབས་ཐོབ་པ། སྒྲ་བཤད་ནི། ལྟུང་བ་དང་བྲལ་བའི་རྒྱུས་
ཡིད་ཡོངས་སུ་དགའ་
བས་ན་བདེ་བ་ལ་རིག་པ་ཞེས་བྱའོ། ཞེས་འདུལ་བ་གཞིའི་རྒྱ་ཆེར་འགྲེལ་པ་ལ་གཞི་
བྱས།
བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་ཐ་མ། ཆོས་
གོས་ཀྱི་ཆད་
བདེ་གཤེགས་ཆོས་གོས་དང་མཉམ་པའམ་དེ་ལས་ལྷག་པར་བྱས་པའོ།
བདེ་བར་གཤེགས་པའི་སྙིང་པོ། དག་ལུགས སེམས་ཅ་ན་གྱི་རྒྱུད་ཀྱི་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་ཉིད།
བཀའ་བརྒྱུད དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རང་བཞིན་ཆུ་ཟླ་ལྟར་བདེན་བརྫུན་དང་བྲལ་ཞིང་ངོས་
བཟུང་དང་
མཆན་མ་ལས་འདས་པའི་ཐ་མལ་གྱི་ཤེས་པ་ཉིད་ལ་བདེ་བར་གཤེགས་པའི་སྙིང་པོར་བཞེད་།
ཟབ་མོ་ནང་དོན་གྱི་འགྲེལ་པ་ད་ང་ཤེས་བྱ་མཛོད་འགྲེལ་གཉིས་ཀར་གས་ལ། རྙིང་མ ཡེ་ནས་འདུས་མ་
བྱས་
པའི་སོ་སོ་རང་གི་ཡེ་ཤེས་སྟོང་གསལ་སྤྲོས་པ་ད་ང་བྲལ་བ་ལ་བདེ་བར་གཤེགས་པའི་སྙིང་པོར་བཞེད།
[དཔལ་ས་སྐུ་པ སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལ་འཇོག
བདེ་
འབྱུང་། ལྷ་དབང་ཕྱུག་ཆེན་པོའི་མིང་། སྒྲ་བཤད་ནི། མཆོག་ཏུ་དགའ་བའི་གཟུགས་འཆང་བས་གཞན་གྱི་
སེམས་ལ་
དགའ་བདེ་འབྱུང་བས་དེ་སྐད་ཅེས་བརྗོད། དེ་ལ་སྒྲ་བཤད་ཚུལ་གཞན་ཡང་ཡོད།
བདེ་གཤེགས། (4)བདེ་བ་ནི་ལེགས་པ་སོགས་དང་། གཤེགས་པ་ནི་དེའི་བདག་ཉིད་དུ་སོན་པའོ། (2) བདེ་བའི་སྒྲ་
ནི་མཛེས་པ་ལ
འང་འཇུག་སྟེ། མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། ཡང་ཕྱིར་མི་ལྡོག་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*