པའི་ཕྱིར་རོ། ཞེས་རྒྱ་གར་གྱི་སློབ་དཔོན་ཚུལ་ཁྲིམས་བསྐྱང་ས་གསུང་། གཞན་ཡང་། ཉོན་མོངས་པ་ལ་
སོགས་པའི་སྒྲིབ་པ་སྤང་ས་པས་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ།
བུ་མོ་གཟུགས་
མཛེས་པ་བཞིན་ན་ནོ།
དེ་ཁོ་ན་ཉིད་མི་གསལ་བར་བྱེད་པའི་མ་རིག་པ་ལ་སོགས་པ་རབ་ཏུ་བསལ་ནས་ཕྱིར་
མི་ལྡོག་པར་གཤེགས་པའི་ཕྱིར་ན་ཡང་སྟེ།
རིམས་ནད་ལེགས་པར་བྱང་བ་བཞིན་ནོ། བག་ཆགས་ཐམས་
ཅད་རབ་ཏུ་བསལ་ནས་ཇི་སྲིད་དུ་འགྲོ་བར་བྱ་བའི་མཐར་ཕྱིན་པས་
ཡང་སྟེ། བུམ་པ་ལེགས་པར་གང་བ་
བཞིན་ནོ།
ཞེས་རྒྱ་གར་གྱི་མཁས་པ་བཻ་རོ་ཙ་ན་རཀྱི་ཏའི་སྤྱོད་འཇུག་འགྲེལ་པར་གས་ལ། (8) བདེ་བར་
གཤེགས་པ་སྟེ།
ལམ་བདེ་བ་ནས་འབྲས་བུ་བདེ་བ་སྤངས་རྟོགས་ཁྱད་པར་གསུམ་ལྡན་གྱི་གནས་སུ་
གཤེགས་པའོ།
སྤངས་པའི་ཁྱད་པར་གསུམ་ནི། ལེགས་པར་སྤང་ས། མི་ལྡོག་པར་སྤང་ས། མ་ལུས་པར་
སྤངས་པའོ།
རྟོགས་པའི་ཁྱད་པར་གསུམ་ནི། དེ་ཉིད་མཁྱེན་པ། མཁྱེན་པ་བརྟན་པ། མ་ལུས་པར་མཁྱེན་
པའོ།
བདེ་གཤེགས་མཆོད་རྟན། མཆོད་རྟེན་ཆ་བརྒྱད་ཀྱི་དང་པོ་སྟེ། བད་ག་གི་སྟོན་པ་སྐུ་བལྟམས་པའི་ཚི་གྲོང་ཁྱེར་
སེར་སྐྱར་
བཞེངས་པ། བཀྲིས་འབྱུང་བའི་མཆོད་རྟེན་ཟླུམ་པོ་པདའི་འདབ་མ་ཅན་གྱི་བང་རིམ་བཞིའམ།
བདུན་བརྩེགས་པ་པད་འདབ་ཀྱིས་སྤྲས་པའི་མཆོད་རྟེན།
བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན། ཞི་གནས་ཀྱི་མིང་སྟེ། ཤིན་སྦྱངས་ཀྱི་བདེ་བས་ཟིན་པས་ན་བདེ།
སེམས་གསལ་ཆ་དང་ལྡན་པས་ན་གསལ། རྟོག་དཔྱོད་མི་བྱེད་པར་དམིགས་པ་ལ་རྩེ་གཅིག་ཏུ་གནས་པས་
ན་
མི་རྟོག་པ་ཞེས་བྱ་སྟེ། འདི་ནི་ལམ་རིམ་ཆེ་ཆུང་དུ་གསུངས་པ་ལ་འཕྲི་སྣོན་ཅུང་ཟད་བགྱིས་ཏེ་བཀོད།
དེ་ལ་བློས་མ་བཅོས་པ་ད་ང་། འཛིན་མེད་ཅེས་བྱ་བའི་མིང་གིས་བཏགས་པ་ཡང་དེ་ཉིད་ལས་གསུང་ས་
སོ།
ཏིང་ངེ་འཇིན་ལ་བདེ་གསལ་མི་རྟོག་པ་ཡིན་མི་དགོས་པ་ནི། འདོད་སེམས་རྩེ་གཅིག་པའི་ཏིང་ངེ་
འཇིན་ལྟ་བུ་སྟེ། དེ་ལ་གསལ་བ་དང་མི་རྟོག་པའི་ཆ་ཆང་ཡ་ང་བདེ་བ་མ་ཆང་ངོ་། རྣམ་པར་མི་རྟོག་པའི་
ཡེ་ཤེས་ལ་
འཁྲུལ་ནས། བདེ་གསལ་མི་རྟོག་པའི་ཏིང་ངེ་འཇིན་ལ་སྟོང་ཉིད་རྟོགས་དགོས་སམ་སྙམ་ན། དེ་
ནི་མི་དགོས་ཏེ།
ལམ་རིམ་ཆུང་ངུར། དེས་ན་དྲན་པ་མེད་པ་ད་ང་། ཡིད་ལ་མི་བྱེད་པའི་སྒོམ་ལ་བློས་མ་
བཅོས་པ་ད་ང་།
འཛིན་མེད་དུ་མིང་བཏགས་པའི་བདེ་གསལ་མི་རྟོག་པ་ལ་ནི། དེ་ཁོ་ན་ཉིད་ཀྱི་དོན་ལ་
མཉམ་པར་བཞག་པའི་སྟོང་ཉིད་ཀྱི་སྒོམ་ཡིན་མིན་གཉིས་
ཡོད་པས་ལེགས་པར་ཕྱེད་པ་ཤིན་ཏུ་གལ་ཆེ་སྟེ།
ཞེས་གསུང་ས་སོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*