348
བདེ་གཤེགས་བཀའི་བླ་མ། བཀའ་བརྒྱུད བླ་མའི་ངོ་སྤྲོད་ཐོབ་པར་གྱུར་པས་ནང་དུ་རང་གི་སེམས་ལ་ངེས་ཤེས་
སྐྱེས་ཏེ་རྒྱལ་བའི་བཀའ་ལ་གུས་པ་ད་ང་ལྡན་པས་ལེགས་པར་བརྟག་གཞིག་དཔྱད་པས་གདམས་ང་ག་སྒོམ་པ་
འདི་དང་མཐུན་ནམ་མི་མཐུན་བརྟགས་པས་ཐེག་པ་ཆེ་ཆུང་གི་གདམས་ངག་གང་དང་ཡ་ང་མི་འགལ་བའི་
ཉམས་
མོང་སྐྱེ་བར་འགྱུར་བས་གསུང་རབ་གདམས་པར་འཆར་བས་བླ་མ་ཞེས་བྱའོ། ཞེས་ཕྱག་ཆེན་ཁྲིད་
ཡིག་
ངེས་དོན་རྒྱ་མཚོར་གས་ལ།
བདེན་གཉིས། (4) ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས། (2) བདེན་པ་གཉིས་རྣམ་པར་འབྱེད་པའི་ཚིག་
ལེའུར་བྱས་པ་ནི།
སློབ་དཔོན་ཡེ་ཤེས་སྙིང་པོས་མཛད། ཡེ་ཤེས་སྡེའི་འགྱུར།
བདེན་གཉིས་རང་འགྲེལ། བདེན་པ་གཉིས་རྣམ་པར་འབྱེད་པའི་འགྲེལ་པ་ནི། སློབ་དཔོན་ཡེ་ཤེས་སྙིང་པོས་
མཛད།
ཡེ་ཤེས་སྡེའི་འགྱུར།
བདེན་གཉིས་ཀྱི་འགྲེལ་བཤད། སློབ་དཔོན་ཞི་བ་འཚོས་མཛད། ཡེ་ཤེས་སྡེའི་འགྱུར།
བདེན་གཉིས་ཀྱི་བྱང་སེམས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས།
བདེན་གཉིས་དར་ཊཱིཀ། རྒྱལ་ཆབ་དར་མ་རིན་ཆེན་གྱིས་མཛད་པའི་བདེན་གཉིས་ཀྱི་འགྲེལ་པ།
བདེན་པ་བཞི། སྡུག་བསྔལ་གྱི་བདེན་པ། ཀུན་འབྱུང་གི་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་དང་
བཞིའོ།
རྒྱལ་ཆབ་ཆོས་རྗེའི་ཀུན་ཀུན་དར་ཊིཀ་ལས། སེམས་ཞི་བ་ནི་འགོག་བདེན་ཡིན་ལ། དེ་བྱེད་པ་ནི་
ལམ་
བདེན་དང་། སེམས་རྒྱུད་རབ་ཏུ་མ་ཞི་བ་ནི་སྡུག་བསྔལ་བདེན་པ་ཡིན་ལ། དེ་བྱེད་པའི་གཙོ་བོ་ནི་ཉོན་
མོངས་ས་སོ།
ཞེས་གསུངས་ཏེ་ལེགས་བཤད་བླ་ན་མེད་པར་སྣང་ངོ་། ཞེས་རྗེ་གུང་ཐང་པས་ཀྱང་བསྔགས་
བརྗོད་
མཛད་དོ། སྒྲ་བཤད་ནི། རྗེའི་ལེགས་བཤད་གསེར་ཕྲེང་ལས། དོན་ནི་དེ་བཞིན་གཤེགས་པས་མི་
རྟག་སོགས་
སུ་ཇི་ལྟར་བསྟན་པ་དེ་ལྟར་དུ་གནས་པས་བདེན་པ་ཞེས་གསུངས་པ་ལྟར་རོ།
བདེན་པར་གྲུབ་པ། སྟོང་ཉིད་རྟོགས་པའི་བློའི་དགག་བྱ་ལ་ཟེར། དེ་དང་དོན་དམ་པར་གྲུབ་པ། ཡ་ང་དག་པར་
གྲུབ་པ།
དེ་ཁོ་ན་ཉིད་དུ་གྲུབ་པ། གཤིས་ལུགས་སུ་གྲུབ་པ་རྣམས་མིང་གི་རྣམ་གྲངས་ཡིན།
བདེན་བྲལ། (1) སྲིན་པོའི་མིང་། སྲིན་པོ་སྔོན་པོ་མི་མཁོའི་ཕྲེང་བའི་ཅོད་པན་ཅན་རོ་ལངས་ལ་ཞོན་པའོ། (2) ལྷོ་ནུབ་ཀྱི་
མིང་།
ལྷོ་ནུབ་ལ་བདེན་བྲལ་ཞེས་པ་ནི། བདེན་བྲལ་ནི་སྲིན་པོའི་མིང་ཡིན་ལ། དེ་གང་དུ་གནས་པའི
ཕྱོགས་ཡིན་པས་བདེན་བྲལ་ཞེས་བྱའོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*