349
བདེན་རྫུན་དང་བྲལ་བ (4) བདེན་རྫུན་གང་ཡང་མིན་པ། (2)རང་བཞིན་གྱིས་གྲུབ་པའི་བདེན་པ་ཡང་མ་ཡིན།
ཐ་སྙད་དུ་མེད་པའི་རྫུན་པ་ཡང་མ་ཡིན་ཞེས་པའི་དོན་ཏེ། ཀརྨ་པ་རང་བྱུང་ཞབས་ཀྱིས་ཀྱང་། ཐམས་ཅད་
བདེན་མིན་རྫུན་མིན་ཏེ།
ཆུ་ཟླ་བཞིན་དུ་མཁས་རྣམས་འདོད་། ཐ་མལ་ཤེས་པ་འདི་ཉིད་ལ། ཆོས་
དབྱིངས་རྒྱལ་བའི་སྙིང་པོ་ཟར།
ཞེས་གསུངས་པ་ལྟར་རོ།
བདོ་བ། དྲག་ཏུ་སྐྱེས་པ། དར་བ། རྒྱས་པ། འཕེལ་བ། སྙིགས་མ་ལྔ་བདོ་བ། ཞེས་པ་ལྟ་བུ།
མདང (4) ཁ་དོག། གཟི་བརྗིད། དཔེར་ན་བཞིན་གྱི་མདངས་ཞེས་པ་ལྟ་བུ། (2)སྙིང་པོའམ་བཅུད། དཔེར་ན་
སའི་སྙིང་པོ་
ལེན་པ་འམ་ཟ་བར་བྱེད་པ་ལ་སའི་མདངས་འཕྲོག་ཅེས་པ་ལྟ་བུ། (8) བླ་སྲོག་ཆེ་གསུམ་གྱི་
ནང་ཚན་གྱི་བླའི་མིང་། ལུང་ཕྲན་ཆེགས་ཀྱི་རྣམ་བཤད་ལས། མདངས་ཞེས་བྱ་བ་ནི། སྙིང་གི་ཕྱོགས་ན་
གནས་པ་སྲོག་འཛིན་པར་བྱེད་པའི་རྫས་ཀྱི་བྱེ་བྲག་ཡིན་ལ།
དེ་འཕྲོག་པ་ནི་གནས་ནས་བསྐྱོད་པ་ཡིན་ཏེ།
དེ་བསྐྱོད་པ་ནི་སྐྱེ་བོ་ཡུན་རིང་དུ་གནས་པར་མི་འགྱུར་ར་རོ། ཞེས་གསུངས།
མདངས་འཕྲོག་པ། (4) བླ་སྲོག་འཕྲོག་པ། ལུང་ཕྲན་ཆེགས་ཀྱི་རྣམ་བཤད་ལ་གཞི་བྱས། མདངས་ལ་གཟིགས།(2)
སྙིང་པོའམ་བཅུད་ལེན་པ་འམ་ཟ་བར་བྱེད་པ། ལུང་ཕྲན་ཆེགས་ཀྱི་འགྲེལ་པ་ལས། སའི་མདངས་འཕྲོག་པ་
ནི་
སྙིང་པོ་ལེན་པ་འམ་ཟ་བར་བྱེད་པ་ནའོ། ཞེས་གསུངས།
མདའ་ལྔ། དག་ལུགས གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་བདུད་དགའ་རབ་དབང་ཕྱུག་གི་གད་འ་ལྔ་ནི། དྲེགས་
བྱེད་ཀྱི་མདའ།
རྨོངས་བྱེད་ཀྱི་མདའ། ཀུན་ཏུ་རྨོངས་བྱེད་ཀྱི་མདའ། བརྒྱལ་བྱེད་ཀྱི་མདའ། སེམས་མེད་
པར་བྱེད་པའི་མདའ་
སྟེ་ལྔའོ། དྲེགས་པར་བྱེད་པའི་མདའ་ནི། འདོད་ཆགས་རྒྱས་ཤིང་མོས་པར་བྱེད་
པོ།
རྨོངས་བྱེད་ཀྱི་མདའནི། འདོད་པའི་དགའ་བས་མོས་ནས་རྨོངས་པར་བྱད་པའོ། ཀུན་ཏུ་རྨོངས་
པར་བྱེད་པ
འི་མདའ་ནི། ཆགས་པའི་དབང་གིས་དྲན་པ་མེད་པར་བྱེད་པའོ། བ་རྒྱལ་བྱེད་ཀྱི་མ་དའ་ནི།
ཡུལ་དབང་རྣམ་ཤེས་ཉམས་པས་ཤིང་བཞིན་ས་ལ་ལྟུང་བར་བྱེད་པའོ། སེམས་མེད་པར་བྱེད་པའི་མདའ་
ནི།
མི་གཡོ་བས་རོ་བཞིན་དུ་བྱེད་པའོ། རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས་ཏེ་བཀོད། སྒྲ་བ་ཤད་ནི།
དེ་དག་གི་བྱེད་པ་སེམས་ེམས་ལ་ཞུགས་པ་ལ་མདའ་ཞེས་ཐ་སྙད་བཏགས་སོ། རྙིང་མ འདོད་ལྷ་བདུད་སྡིག་
ཅན་ཆུང་མ་
པམིའི་ཕྲེང་བ་དང་བཅས་པའི་སྤྱི་བོ་ན་མེ་ཏོག་གི་མདའ་ལྔ་ཡོད་པ་འདི་ལྟ་སྟེ། དྲེགས་པར་བྱེད་
པ་དང་།
རྨོངས་པར་བྱེད་པ་དང་། ཀུན་ཏུ་རྨོངས་པར་བྱེད་པ་དང་། བརྒྱལ་བར་བྱེད་པ་ད་ང་། སེམས་
པར་བྱེད་པ་སྟེ་ལྔའོ།
ཀུན་མཁྱེན་འཇིགས་མེད་གླིང་པའི་ཡོན་ཏན་མཛོད་འགྲེལ་ན་གསལ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*