358
འདོད་ཆགས་ནི་འདིར་འདོད་པའི་ཡོན་ཏན་ལྔ་ལ་འདུན་ཞིང་ཆགས་པ་ཡིན་པས། ཞེས་གསུངས་པ་ལྟར་
རོ།
འདོད་ཆགས་ནི་རས་ལ་སྣུམ་ཞུགས་པ་བཞིན་དུ་དབྱུང་དཀའ་བ་ཡིན་པ་གསུང་།
འདོད་ཆ་གས་ཐབས་རྦུད། འདོད་ཆགས་ཐབས་རྒྱུད་ནི། གསང་འདུས་འཕགས་ལུགས་དང་། འཇམ་རྡོར་ལ་
སོགས་
པ་ལྟ་བུ།
འདོད་ཆགས་ལ་སྤྱོད་པའི་གཉེར་པོར་མི་སྡུག་པ། སྐྲ་དང་སྤུ་ལ་སོགས་པ་སོ་དྲུག་ནི་ནང་གི་མི་སྡུག་པ་ད་ང་རྣམ་
པར་སྔོས་པ་
ལ་སོགས་པ་ནི་ཕྱི་རོལ་གྱི་མི་སྡུག་པ་སྟེ་མི་གཙང་བའི་རྣམ་པ་བློ་ལ་ཤར་བ་ལ་སེམས་འཛིན་
ནས་བབོམ་པའོ། ཞེས་ལམ་རིམ་ཆེན་མོར་གསུངས་པ་ལྟར་རོ།
འདོད་འཇོ། (1) གང་འདོད་སྟེར་ (2) དཔག་བསམ་ཤིང་། (8) རྣམ་ཐོས་སྲས། (4) བཅོམ་ལྡན་འདས་དཔལ་
འཁོར་ལོ་བདེ་མཆོག་གི་
མངོན་པར་རྟོགས་པའི་རྒྱ་ཆེར་བཤད་པ་འདོད་པ་འཇོ་བ་ཞེས་བྱ་བ། རྗེ་ཙོང་ཁ་
ཆེན་
པོས་མཛད། (8) མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོའི་བ་མོ་ཞེས་བྱ་བ། རབ་
འབྱོར་ཟླ་བའི་མཛད་།

འདོད་འཇོའི་བ་མོ། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོའི་བ་མོ་ཞེས་བྱ་བ། པཎྜི་ཏ་སུ་བྷཱུ་ཏི་
ཙ་དྲའམ་རབ་འབྱོར་ཟླ་བས་མཛད། འདི་བསྒུར་འཕྲོ་ཡིན་པར་བུ་སྟོན་ཆོས་འབྱུང་ན་གསལ།
འདོད་པ། (4) འདོད་ཆགས། རེ་བ། དགའ་བ། (2) འདོད་བྱའམ། ཆགས་ཡུལ། འདོད་པ་ཞེས་པ་ཡུལ་དང་
ཡུལ་ཅ་ན་གཉིས་ཀ་ལ་
གོར་རུང་སྟེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། དེ་ལ་སྤྱིར་འདོད་པ་ནི། འདིས་འདོད་
པ་དང་།
འདི་འདོད་པ་གཉིས་ལས། འདིར་ནི་ཕྱི་མ་སྟེ་འདོད་ཅིང་ཆགས་པར་བྱ་བས་ན་འདོད་པ་སྟེ།
གཟུགས་ལ་སོགས་པའི་ཡུལ་ལྔའོ། ཞེས་གསུང་ས། གཞན་ཡང་དཔེར་ན་རིག་པ་ཞེས་པ་ཡུལ་ཡུལ་ཅན་
གཉིས་ཀ་
ལ་གོར་རུང་བ་དང་འདྲའོ། (8) ཆགས་སྤྱོད་ཀྱི་མིང་། འདོད་པ་བསྟེན་ཞེས་པ་ལྟ་བུ། (4)ཁས་
ལེན་པ།
འདོད་མི་འདོད་ཅེས་པ་ལྟ་བུ། (4) འདོད་ཁམས། འདོད་པ་དང་གཟུགས་དང་གཟུགས་མེད་ཅེས་
པ་ལྷ་བུ།
འདོད་པ་ལ་འདུན་པ། འདོད་པའི་འདོད་ཆགས།
འདོད་པའི་ཆུ་བོ། འདོད་པའི་ཉོན་མོངས།
འདོད་པའི་ཟག་པ། འདོད་པའི་ཉོན་མོང་ས།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*