370
སྡིག་སྒྲིབ། སྡིག་པ་ད་ང་སྒྲིབ་པའི་བསྡུས་ཚིག། སྒྲ་བཤད་ནི། རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པས་སྡིག་པ། ཡོན་
ཏན་གོང་མ་སྐྱེ་བ་ལ་སྒྲིབ་པས་
སྒྲིབ་པ་ཞེས་བྱ།
སྡིག་ལྟུང་། སྡིག་པ་དང་ལྟུང་བའི་བསྡུས་ཚིག། སྒྲ་བཤད་ནི། རྣམ་སྨིན་ཡིད་དུ་མི་འོང་བ་འཔྱིན་པའི་ཆ་ནས་སྡིག་
པ་དང་།
བཅས་པ་ལས་འདས་པའི་ཆ་ནས་ལྟུང་བ་ཞེས་བྱ།
སྡིག་ལྟ་མི་གཏོང་བའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་ང་ལྔ་པ། སྡིག་ལྟ་བསྐྱེད་པ་བཞམས་བསྒོ་དང་གསོལ་
བཞིའི་ལས་ཏེ་ཟློག་
པ་ལྔས་བཟློག་ཀྱང་མི་གཏོང་བའོ།
སྡིག་པའི་ཁྱིམ། སྟོན་དུས། སྒྲ་བཤད་ནི། སྡིག་པ་ར་ཙ་ཁུང་དུ་འགྲོ་བའི་དུས་དང་། ཁ་ཅིག་འདི་མི་རྣམས་དུད་
འགྲོ་གསོད་པའི་
དུས་ཡིན་པས་སྡིག་པའི་དུས་ཀྱང་ཟེར།
སྡིག་པ། (4) མི་དགེ་བ། (2)ང་ན་པ། (8) སྡིག་པ་ར་ཙ་། སྒྲ་བཤད་ནི། རྣམ་སྨིན་ཡིད་དུ་མི་འོང་བ་འཔྱིན་པས་ན་
སྡིག་པའོ།
ཡང་ན། སྨད་པར་བྱ་བ་ཡིན་པའི་ཕྱིར་སྡིག་པའོ།
སྡིག་པའི་སེམས་ཅན། བག་མེད་པས་ཉེས་སྤྱོད་ལ་ཞུགས་པའི་སེམས་ལ་བཤད། ཡང་འགའ་ཞིག་གིས། སྡིག་
པའི་ལྟ་བ་
ལ་ཞེན་པའི་སེམས་ཅན་ལ་བཤད།
སྡིགས་པ། [བྱེད་འབྲེལ་ལས་ཚིག ཞེད་སྣང་སྐུལ་བ། གཤེ་བ་བཅ་ས་པའི་ཚིག་གིས་ཕ་རོལ་ཟིལ་གྱིས་གནོན་པར་བྱེད་
པ།
སྡིགས ད་ལྟ་བ། བསྡིག མ་འོངས་པ། བསྡིགས འདས་པ། སྡིགས སྐུལ་ཚིག
སྡིགས་མཛུབ། (4) གདུག་པ་ཅ་ན་རྣམས་ལ་སྡིགས་པར་བྱེད་པའི་ཕྱག་རྒྱ་སྟེ། གུང་མོ་དང་སྲིན་མཛུབ་མཐེ་བོས་
མནན་ཏེ་མཇུབ་
མོ་ད་ང་མཐེ་ཆུང་ཀེར་བ། (2) སྡིག་པ་ཞི་བར་བྱེད་པའི་ཕྱག་རྒྱ་སྟ། རྡོ་རྗེ་ཁུ་ཚུར་ལས་
མཇུབ་མོ་ཀེར་བའོ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཡང་ཟེར། (8) འཇིགས་བྱེད་ཀྱི་ཕྱག་མཚན་དུ་བཅུ་བཞི་པ་
ན་སྡིགས་ྡིགས་མཇུབ།
ཅེས་པ་ནི་ཕྱག་བཅུ་བཞི་པས་སྡིགས་མཇུབ་བྱེད་པའི་དོན་མིན་གྱི། མིའི་ལག་པ་སྡིགས་
མཛུབ་
བྱས་པ་འཁྲིག་མ་ནས་བཅད་པའོ། ཞེས་པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་མཁས་པ་རྣམས་
གསུང་།
སྡུག་ཁྱག རྐྱེན་ངན་རྒུད་ཚོགས་ཅི་བྱུང་ཡང་། ཡི་ཆད། སྲོ་ཤི། སྒྱིད་ལུག་པའི་དབང་དུ་མ་སོང་བར་རང་ཚུགས་
བརྟན་
པོ་ཟིན་ཐུབ་པ་ལ་ཟར། བློ་སྦྱོང་ལས། སྐྱིད་ན་སྐྱིད་ཁྱག། སྡུག་ན་སྡུག་ཁྱག་པ་ཞིག་ད་གོས་ཞེས་
གསུངས་པ་ལྟར་ར་རོ།

སྡུག་གུ་མ། བུད་མེད་མཛེས་མ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*