387
སྟེ་ཉེར་བཞི་ཆན་པ་གསུམ་དུ་ཕྱེ་བས་རྩ་བདུན་ཅུ་དོན་གཉིས། དོན་གཉིས་པོ་རེ་རེ་ལའང་སྟོང་ཕྲག་རེ་རེ་ཕྱེ་
བས་རྩ་སྟོང་ཕྲག་བདུན་ཅུ་
དོན་གཉིས་སོ། དེ་ལྟར་ཤེས་ནས་བབོམ་དགོས་སོ།
གནས་བརྟན། (4) དབེ་སློང་བགྲེས་སོང་། (2) རང་ལས་བསླབ་པ་རྒན་གཞོན་ཐམས་ཅད་ལ་ཐུང་མོང་དུ་སྦྱར་ཆོག་
པའི་
འདུལ་བའི་ཉེ་ཚིག་ཅིག། ཉེ་ཚིག་ཅེས་པ་བློ་ཉེ་བའམ་གཅེས་པའི་ཚིག་ག་གོ། སྒྲ་བཤད་ནི། གནས་ཀྱི་བླ་
མ་ལ་མ་བརྟེན་པར་
གནས་སུ་རུང་བས་གནས། བསྙེན་པར་རྫོགས་ནས་སྡོམ་རྒྱུན་བར་མ་ཆད་པར་ལོ་བཅུ་
ལོན་པ
ས་ན་བརྟན་ཞེས་བྱའོ།
གནས་དང་ཉེ་བའི་གནས། (4) སྤྱིར་དཔའ་བོ་མཁའ་འགྲོ་བཞུགས་པའི་གནས་ལ་གནས་དང་། ལྷག་པར་
བཞུགས་པ་
ཉེ་བའི་གནས་སུ་བྱ་སྟེ། ཉེ་ཚིག་གི་སྒྲ་ལྷག་པའི་དོན་དུ་སྦྱར་བ་ནི། སྔགས་ཀྱི་ཉེ་སྙིང་སོགས་དང་
མཚུང་ས་ས་སོ།
(2) ཁ་ཅིག་མཁའ་འགྲོ་གནས་པས་གནས་དང་། དེ་དང་ཆ་མཐུན་པས་ཉེ་གནས། (8)
འགའ་ཞིག་མཁའ་འགྲོ་རྟག་ཏུ་གནས་པས་གནས་དང་། རེས་འགའ་ཙ་མ་གནས་པས་ཉེ་གནས་སུ་འཆད།
གནས་དང་གནས་མ་ཡིན་པ། རྒྱུ་ད་ང་རྒྱུ་མ་ཡིན་པ། དཔེར་ན་དགེ་བ་ནི་བདེ་བའི་གནས་ཡིན་ཀྱང་སྡུག་བསྔལ་གྱི་
མ་གནས་ཡིན། མི་དགེ་བ་ནི་སྡུག་བསྔལ་གྱི་གནས་ཨིན་ཀྱང་བདེ་བའི་གནས་མིན་པ་ལྟ་བུ་ལ་ཟེར། རྗེ་ཙོང་
ཁ་པ་ཆེན་པོའི་
འཛམ་དབྱང་ས་བསྟོད་སྤྲིན་རྒྱ་མཚོ་ལས། སྦྱིན་ལས་འབྱོར་ལྡན་གནས་ཡིན་ད་བུལ་པོ་མིན།
སེར་སྣས་དབུལ་པོའི་གནས་ཡིན་འབྱོར་ལྡན་མིན། དེ་སོགས་རྟེན་འབྲེལ་མི་སླུའི་གནས་ཀུན་མཁྱེན། དེ་
ཕྱིར་ཁྱོད་ནི་སྨྲ་བའི་གཙོ་བོ་ལགས།
ཞེས་གསུང་ས་པ་ལྟར་ད་ང་། ས་སྐྱའི་མཁས་པ་གཡག་སྟོན་སང་ས་རྒྱལ་
དཔལ་གྱིས།
དཔེར་ན་སེར་སྣ་ནི་དབུལ་བའི་གནས་དང་ལོངས་སྤྱོད་ཆེ་བའི་གནས་མ་ཨིན། སྦྱིན་པ་ནི་
ལོངས་སྤྱོད་
ཆེ་བའི་གནས་ད་ང་དབུལ་བའི་གནས་མ་ཡིན་པ་དེ་ལྟ་བུའོ། གནས་ནི་རྒྱུའོ། ཞེས་གསུང་ས་པ་
ལྟར་རོ།
སྒྲ་བཤད་ནི། གནས་ནི་རྒྱུ་དང་། གནས་མིན་པ་ནི་རྒྱུ་མིན་པའོ།
གནས་པ་རྩ། ལུས་ཀྱི་རྩ། སྒྲ་བཤད་ནི། གནས་པ་ནི་འདིར་རྟེན་ལ་ཟེར་ཏེ། རླུང་དང་རྣམ་ཤེས་ཀྱི་རྟེན་པྱེད་པའི་
ཕྱིར་རོ།
གནས་མལ་གྱི་ཆོ་ག གནས་མལ་བཤམས་པའི་བྱ་བ། ཆོ་ག་ཞེས་བྱ་བ་ནི་ཐབས་དང་བྱ་བ་གཉིས་ཀ་ལ་འཇུག་
ཀྱང་འདིར་
བྱ་བའོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*