388
གནས་མ་ལ་མ་བསྡུས་པར་འགྲོ་བའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་བཅུ་བཞི་པ་ནི། དབེ་འདུན་གྱི་གནས་
མལ་མ་བསྡུས་པར་
ཕན་ཕུན་དུ་གྱུར་པའམ་འདོམ་བཞི་བཅུ་རྩ་དགུ་འདས་པའོ། གོང་གི་ལྟུང་བྱེད་དེ་ལ་
གནས་མལ་ཕན་ཕུན་དུ་གྱུར་པའི་ལྟུང་པྱེད་ཀྱང་ཟེར།
གནས་ལ་དད་། སྡེ་སྣོད་གསུམ་ལ་དད་པ་ལ་ཟེར། རང་འབྱོར་ལྔའི་ཐ་མའོ། དེ་ཡང་ཉན་ས་ལས། མི་ཉིད་
དབུས་སྐྱེས་དབང་པོ་ཚང་།
ལས་མཐའ་མ་ལོག་གནས་ལ་དད། ཅེས་གསུང་ས་པ་ལྟར་རོ། སྒྲ་བཤད་ནི།
འཇིག་རྟེན་དང་འཇིག་རྟེན་ལས་འད་ས་པའི་དཀར་ཆོས་ཐམས་ཅ་ད་སྐྱེ་བའི་གནས་སྟེ་རྒྱུ་སྡེ་སྣོད་རིན་པོ་ཆེ་
རྣམ་པ་གསུམ་ལ་
དད་པས་ན་གནས་ལ་དད་ཅེས་བྱའོ།
གནས་གསུམ། ཕྱིའི་གནས་གས་གསུམ། ནང་གི་གནས་གས་གསུམ། གསང་བའི་གནས་གསུམ་དང་གསུམ་ལས། (1) དང་
པོ་ཕྱིའི་
གནས་གསུམ་ནི། འདས་ལོག་མ་བསྟན་འཛིན་ཆོས་སྒྲོན་གྱི་རྣམ་ཐར་དུ། གངས་རི་སེང་གདོང་
ད་ཀར་པོ་སྐུ་ཡི་གནས། ལ་ཕྱི་སྟག་གདོང་ཕྲ་མོ་གསུང་པི་གནས། རྩ་རི་ཕག་གདོང་ནག་མོ་ཐགས་ཀྱི་གནས།
ཞེས་པ་ལྟར་ད་ང་། ༿ བདེ་མཆོག་གི་སྐོར་ནས། ས་འོག་སྐུའི་གནས། ས་སྟེང་གསུང་གི་གནས། ས་བླ་
ཐུགས་ཀྱི་གནས་ས་སོ། (2) ནང་གི་གནས་གསུམ་ནི། སྤྱི་བོ་སྐུའི་གནས། མགྲིན་པ་གསུང་བི་གནས། སྙིང་ག་
ཐུགས་ཀྱི་
གནས་གསུམ་། (8) གསང་བའི་གནས་གསུམ་ནི། སྔགས་སྐེས། ཞིང་སྐྱེས། ལྷན་སྐྱེས་ཀྱི་
མཁའ་འགྲོ་མ་
གསུམ་ལ་ཟེར་ཏེ། རྒྱལ་བ་དབེ་འདུན་རྒྱ་མཚོས། ཞིང་སྐྱེས་ལྷན་ཅིག་སྐྱེས་དང་སྔགས་སྐྱེས་
ཀྱི།
གནས་གསུམ་མཁའ་འགྲོའི་ཚོགས་ལ་དབང་བསྒུར་ཞིང་། ཞེས་གསུང་ས་པ་ལྟར། བསྐྱེད་རིམ་ད་ང་།
སོ་སྐྱེའི་རྫོགས་རིམ་དང་། འཕགས་རྒྱུད་ཀྱི་རྫོགས་རིམ་གྱི་རྟོགས་པ་རྒྱུད་ལྡན་གྱི་རྣལ་འབྱོར་མ་ལ་རིམ་པ་
ལྟ
སྔགས་སྐྱེས་དང་། ཞིང་སྐྱེས་དང་། ལྷན་སྐྱེས་ཀྱི་མཁའ་འགྲོ་མར་གསུངས་པ་ལྟར་། ཞེས་དངུལ་
ཚུ་
ཅྭཱརྨ་བྷ་དྲ་འི་གསུང་ལྟར་བཀོད།
གནོད་སྤྱིན། «» ༿ རྣམ་ཐོས་ཀྱི་འཁོར་དུ་གཏོགས་པའི་རི་རབ་བྱང་ན་གནས་པའོ། རྗེའི་མདོ་རྩ་བའི་
ཟིན་
ལས་གསུངས། ༿ ལྷའི་གནས་སུ་མཆོད་པར་བྱ་བ་གཏོར་མ་ལེན་པ་རྣམས་སོ།
གནོད་བཟློག་གསོ་བྱོང་། གསོ་སྦྱོང་གི་བྱེ་བྲག་ཅིག་སྟེ། ནད་པ་ལ་སོགས་པ་ལ་མི་མ་ཡིན་གྱིས་གནོད་པ་བྱུང་ན་དེ་
ཞི་བྱེད་ཀྱི་གསོ་སྦྱོང་ངོ་། གློ་བུརགྱི་གསོ་བྱོང་ཞེས་ཀྱང་བྱའོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*