389
གནོད་སེམས། (4) མི་དགེ་བ་བཅུའི་ནང་གསེས། གཞན་ལ་འཆེ་བའི་བསམ་པ། (2) ཁོང་ཁྲོ། དཔེར་ན་འདོད་
པ་
ལ་འདུན་པ་དང་གནོད་སེམས་གཉིས་ཞེས་པ་ལྟ་བུ། གནོད་སེམས་ནི་ཞེ་སྡང་ལ་ཟེར་བར། བརྒྱད་སྟོང་
པའི་དཀའ་འགྲེལ་
གནད་ཀྱི་ཟླ་འོད་ད་དང་། སྙིང་པོ་མཆོག་གཉིས་ཀ་ན་གསལ།
མནར་མེད། ཆ་དམལ་བརྒྱད་པ། མནར་མེད་ནི། ཤར་ཕྱོགས་ནས་ས་གཞི་དཔག་ཆད་བརྒྱ་ཕྲག་དུ་མ་ཡོད་པ་
ཀུན་ཏུ་འབར་ཞིང་མཆེད་པ་ལས་མེ་འབར་བའི་ཤུགས་འོང་སྟེ།
དེས་སེམས་ཅན་དེ་དག་གི་པགས་པ། ཤ།
རྒྱུས་པ། རུས་པ་རྣམས་རིམ་གྱིས་བཤིག་ནས་རྐང་ལ་ཐུག་པར་བྱེད་ད་དོ། མར་མེའི་སྙིང་པོ་བཞིན་དུ་ལུས་
ཐམས་ཅད་མེ་ལྕེ་འབར་བས་
ཁྱབ་བོ། ཕྱོགས་གཞན་གསུམ་ཡང་དེ་དང་འདྲ་སྟ། ཕྱོགས་བཞི་ནས་མེ་
འོངས་བ་དེར་འདྲེས་པས་སྡུག་བསྔལ་བར་མ་ཆད་དུ་མྱོང་བས་ཉམ་ཐག་པའི་སྐད་འབྱིན་པས་
སེམས་ཅན་
དུ་ཤེས་པ་ཙམ་།
ལྕགས་ཀྱི་ཞི་བ་མའི་ནང་དུ་ལྕགས་ཀྱི་མེ་མདག་རབ་ཏུ་འབར་བ་འཁྲབ་ཏུ་འཇུག་ག་གོ།
ལྕགས་ཀྱི་ས་གཞིར་ལྕགས་ཀྱི་རི་བོ་ཆེན་པོ་རྣམས་ལ་འབབ་འཛེག་བྱེད་དུ་འཇུག་ཅིང་། ཁ་ནས་ལྕེ་ཕྱུང་སྟེ་
ཕུར་པ་བརྒྱས་བརྒྱངས་ནས་གླང་གི་ཀོ་བ་ལ་བྱེད་པ་
བཞིན་ཐང་བཅ་ད་དེ་གཉེར་མ་དང་ཁམ་ཁུམ་མེད་པར་
བྱེད་ད་དོ།
ཡང་ལྕགས་ཀྱི་ས་གཞི་ལ་གན་རྐྱལ་དུ་བཞག་ནས་ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཁ་ཕྱེ་ནས་ལྕགས་ཀྱི་ཐུ་
ལུམ་འབར་བ་ཁར་འཇུག་ཅིང་།
ཟངས་བསྐོལ་བ་ཁར་བླུགས་ནས་ཁ་དང་ལྐོག་མ་དང་རྒྱུ་མ་རྣམས་འཚིག་
སྟེ་རོ་སྨད་ནས་
འབྱུང་ངོ་། ལྷག་མ་གཞན་ནི་རབ་ཏུ་ཆ་བ་བཞིན་ནོ། ཞེས་ལམ་རིམ་ཆེ་ཆུང་དུ་གསུངས་
པ་
ལྟར་རོ། སྒྲ་བཤད་ནི། སྡུག་བསྔལ་དྲག་པོས་མནར་བ་ལ་བར་མཆམཆམས་ཅུང་ཟད་ཀྱང་མེད་པས་མནར་
མེད་དོ།
མནོག་ཆུང་བ། མཁེ་ཆུང་བ། ཕན་ཐོགས་ཆུང་བ། རྗེའི་ལམ་རིམ་ཆེན་མོ་ལས། འདོད་པའི་ཡོན་ཏན་ནི་མནོག་
ཆུང་ལ་ཉེན་ཆེ་བ་བ་བྲུལ་
གདུག་པའི་ལུས་ཀྱི་གྲིབ་མ་དང་འདྲ་བ་ད་ང་། ཞེས་གསུང་ས་པ་ལྟར་རོ།
མནོས་པ། ནོད་པའི་འདས་པ (4) བླངས་པ། མཚོ་ཊཱིཀ་ལས། ནམ་འཚོའི་བར་གྱི་ཁྲིམས་མ་མནོས་ཀྱང་། ཞེས་
པ་ལྟ་བུ།
(2)ཞུས་པ། ཐོབ་པ། དཔེར་ན་གདམས་ང་ག་མནོས། ཞེས་པ་ལྟ་བུ། (8) དང་དུ་བླངས་པའམ།
བཟོད་པ། སྤྱོད་འཇུག་ལས། དེ་ལྟར་སོམས་ཏེ་བདེ་བར་མནོས། ཞེས་གསུངས་པ་ལྟར་རོ།
རྣ་བ་བྱེ་བ་རི། རྣ་བ་ལ་རིན་ཐང་དང་བྲལ་བ་ཞེས་ཆེ་བརྗོད་ཀྱི་ཚིག་ཅིག། ཨ་མཆོག་ལ་གསེར་སྙན་ཞེས་བརྗོད་པ་
ད་ང་འདྲ།
སྒྲ་བཤད་བྱེ་བ་རི་ཞེས་པར་གཟིགས།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*