390
རྣ་བའི་དབང་པོ། དབང་པོ་ལྔའི་ཡ་གྱལ། རྒྱུའི་ཁྱད་པར་རང་རྒྱུ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ། བྱེད་ལས་རྣ་
ཤེས་ཀྱི་ཐུན་མོང་མ་ཡིན་པའི་བད་ག་རྐྱེན་
བྱེད་པ། ངོ་བོའི་ཁྱད་པར་ནང་གི་གཟུགས་ཅ་ན་དངས་པའོ།
དབྱིབས་ཤིང་གྲོ་ག་གཅུས་པ་ལྟ་བུའོ། དེ་འི་དོན་ནི་ཤིང་སྟག་པའི་ཤུན་པ་སྒྲིམ་པ་ལྷ་བུའི་དཔྱིབས་སུ་ཡོད་
ཅེས་པའོ།
རྣ་བར་འཇེབས་པ། སྙན་པོ། སྒྲ་བཤད་ནི། འཇེབས་ཞེས་པ་ནི་འཐད་པའི་དོན་ཡིན་པས་རྣ་བར་འཐད་པས་ན་
དེ་
སྐད་ཅེས་བྱ།
རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད། དགེ་ལུགས (1) སྦྱིན་སོགས་ཐབས་ཀྱི་ཆ་ཡོང་ས་སུ་རྫོགས་པས་ཟིན་པའི་
སྟོང་ཉིད་
རྟོགས་པའི་ཤེས་རབ་ལ་ཟེར་། གཅུག་ན་རིན་པོ་ཆེའི་མདོ། རྗེའི་ལམ་རིམ་ཆེན་མོར་དྲང་ས་པ་
ལས།
དེ་ལ་རྣམ་པ་ཐམས་ཅ་ད་ཀྱི་མཆོག་ད་ང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ་
དང་།
ཚུལ་ཁྲིམས་དང་མ་བྲལ་བ་དང་། བཟོད་པ་དང་མ་བྲལ་བ་དང་། བརྩོན་འགྲུས་དང་མ་བྲལ་བ་
དང་། བསམ་གཏན་དང་མ་བྲལ་བ་དང་། ཤེས་རབ་དང་མ་བྲལ་བ་དང་། ཐབས་དང་མ་བྲལ་བ་དང་།
ཞེས་རྒྱས་པར་བཀའ་བསྩལ་ཅིང་དེའི་དོན་རྒྱུད་བླ་མར་ཡང་། དེ་རྣམས་འབྲི་བྱེད་གང་དག་ཡིན། སྦྱིན་
དང་ཚུལ་ཁྲིམས་བཟོད་ལ་སོགས།
རྣམ་པ་ཀུན་གྱི་མཆོག་ལྡན་པ། སྟོང་པ་ཉིད་ནི་གཟུགས་སུ་བརྗོད།
ཅེས་ཁ་ཅིག་གིས་མགོ་འབྲི་ཤེས་ཀྱི་གཞན་མི་ཤེས། ཁ་ཅིག་གིས་ལག་པ་ཤེས་ཀྱི་གཞན་མི་ཤེས་པ་ལ་སོགས་
པའི་རི་མོ་མཁན་མང་པོ་འཚོགས་ནས་རྒྱལ་པོའི་གཟུགས་
འགྲི་ན། རི་མོ་མཁན་གཅིག་མ་ཆང་ནའང་
ཡོང་
ས་སུ་མི་རྫོགས་པ་ད་པེར་བྱས་ནས་རྒྱལ་པོའི་གཟུགས་ནི་སྟོང་ཉིད་དང་རི་མོ་མཁན་རྣམས་ནི་སྦྱིན་
སོགས་དང་འདྲ་བར་གསུང་ས་ཏེ།
སྦྱིན་པ་ལ་སོགས་པའི་ཐབས་རྣམས་མ་ཆང་ན་མགོ་རྡུམ་དང་ལག་རྔུམ་
ལ་སོགས་པའི་གཟུགས་
དང་འདྲ་བ་ཡིན་ནོ། ཞེས་གསུངས་པ་ལྟར་རོ། གོང་གི་མདོའི་ལུང་དེ་སེ་ར་རྗེ་
བཅུན་
པའི་སྤྱི་དོན་རོལ་མཚོ་ནའང་གསལ།(2) བཀའ་བརྒྱུད དག་མ་དག་ལ་སོགས་པའི་སྣང་བའམ་རྣམ་
པ་
སྣ་ཚོགས་པ་ཅ་ན་གྱི་ཆོས་ཉིད་ཀྱི་སེམས། ༿ བཀའ་བརྒྱུད བདེ་བར་གཤེགས་པའི་སྙིང་པོ་ལ་བྲལ་སྨིན་
གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་
དངོས་སུ་ལྡན་པ་ནི་རྣམ་ཀུན་མཆོག་ལྡན་ན་ནོ། ཞེས་གསུངས།
རྣམ་གྲང་ས། རྣམ་དབྱེ། རྣམ་པའི་དབྱེ་བ། དབྱེ་བ། རབ་དབྱེ་ལ་ཟེར། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་
མཆོག་
ན་གསལ། སྒྲ་བཤད་ནི། རྣམ་ནི་རྣམ་པ། གྲང་ས་ནི་གྲངས་མང་པོའི་བསྡུས་ཚིག་སྟེ། རྣམ་པ་མང་
པོ་ཞེས་པ
འི་དོན་ནོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*