398
རྟགས་ནི་འབྲས་བུ། མཚན་མ་ནི་རྒྱུའོ། ཞེས་པ་ལྟར་རོ། (5) མང་ཚིག་གི་ཞེ་སའི་ཚིག་ཅིག དཔེར་ན།
ཁོང་རྣམ་པ་གཉིས་ཞེས་པ་ལྟ་བུ།
རྣམ་པ་གཅིག་ཏུ་ན། ༿ འཆད་ཚུལ་གཞན་ཞིག་ལ། རྣམ་གྲངས་གཞན་ཡང་ཞེས་པའི་དོན། ༿ ཡང་ན། ཞེས་
པའི་དོན།
རྣམ་པར། ཚིག་རྒྱན (1) རབ་ཏུའམ། ཆེས་ཆེར་ལ་འཇུག་པ། དཔེར་ན་རབ་ཏུ་བཀྲ་བ་ལ་རྣམ་པར་བཀྲ་བ་ཞེས་
པ་ལྟ་བུ། (2) ཡང་དག་པར། རྫོགས་པར། དཔེར་ན། རྣམ་པར་གྲོལ། ཞེས་པ་ལྟ་བུའོ། (8) ཚིག་རྒྱན་
ཙམ་
ལ་སྦྱར་བ། དཔེར་ན། རྣམ་པར་རྟོག་པ་ནི་ཤིན་ཏུ་མང་། ཞེས་པ་ལྟ་བུ། (4) རྣམ་པ་ལ། རྣམ་པ་རུ།
ཞེས་པའི་བསྡུས་ཚིག དཔེར་ན། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་སྤྱན་དྲངས། ཞེས་པ་ལྟ་བུ། (5)
སྤྱིར་རྣམ་པར། རབ་ཏུ། ཉེ་བར་ཞེས་པ་རྣམས་དོན་ཕལ་ཆེར་འདྲ་བ་ཡིན་ཏེ། རྣམ་པར་ལྟ། རབ་ཏུ་ལྟ།
ཉེ་བར་ལྟ་ཞེས་པ་ལྟ་བུ་རྣམས་ལ་ཁྱད་པར་མེད་པ་བཞིན་ནོ།
ནམ་པར་བསྔོས་པ། རུལ་ཞིང་སྔོན་པོར་གྱུར་པ།
རྣམ་པར་བསྔོས་པའི་འདུ་ཤེ ལུས་རུལ་ཞིང་སྔོན་པོར་གྱུར་པ་ལ་དམིགས་པའི་འདུ་ཤེས།
རྣམ་པར་ཐར་པའི་སྒྲིབ་པ། སྙོམས་འཇུག་གི་སྒྲིབ་པ་དང་དོན་གཅིག། ལེ་ལོ་དང་། དམིགས་པ་བརྗེད་པ། བྱིང་
བ་དང་རྒོད་པ།
རྩོལ་བ་དང་མི་རྩོལ་བའི་ཉེས་པ་ལྔ་ལ་སོགས་པ་སྟེ། ཊིཀ་བྱེད་དག་གིས་རྣམ་པར་ཐར་
པའི་སྒྲིབ་པ་ནི་གང་
གིས་རྣམ་པར་ཐར་པ་དང་། བསམ་གཏན་དག་སྐྱེད་པར་མི་ནུས་པ་སྟེ་ལུས་དང་སེམས་
ལས་སུ་མི་རུང་བ་ཉིད་དོ།
ཞེས་མཆིམས་མཛོད་ན་གསལ། མཆིམས་མཛོད་དུ་རྣམ་པར་ཐར་པའི་སྒྲིབ་
པ་དང་།
སྙོམས་འཇུག་གི་སྒྲིབ་པ་གཉིས་ཁྱད་པར་ཕྲན་བུའི་ཡོད་པ་ལྟ་བུར་གསུངས་པས་དཔྱད་དོ།
ནམ་པར་འཐོར་བ། ཡན་ལག་དང་ཉིང་ལག་ཕྱོགས་དང་ཕྱོགས་མཚམས་སུ་འཐོར་བ།
ནམ་པར་འཐོར་བའི་འདུ་ཤེ ཡན་ལག་དང་ཉིང་ལག་ཕྱོགས་དང་ཕྱོགས་མཚམས་སུ་འཐོར་བ་ལ་དམིགས་
པའི་འདུ་ཤེས།

རྣམ་པར་དག་པའི་ལྷ། སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག། སྒྲ་བཤད་ནི། སངས་རྒྱས་ཐམས་ཅད་ནི་རབ་
ཏུ་
འབྱུང་བའི་ཕྱིར་རྣམ་པར་དག་པའི་ལྷ་ཞེས་བྱའོ། མའི་སོ་ཐར་གྱི་མདོ་ལས་གསུངས།
རྣམ་པར་ནགས་པ། རྣག་འཛག་པ།
རྣམ་པར་རྣགས་པའི་འདུ་ཤེ རྣག་འཛག་པ་ལ་དམིགས་པའི་འདུ་ཤེས། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གཟིགས།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*