400
རྣམ་པར་ཟོས་པ། ལུས་ཀྱི་ཤ་དང་པགས་པ་བྱ་དང་གཅན་གཟན་སོགས་ཀྱིས་ཟོས་པ། ལུང་ཕྲན་ཆེགས་ཀྱི་འགྲེལ་
པར་
གཞི་བྱས།
རྣམ་པར་ཟོས་པའི་འདུ་ཤེ ལུས་ཀྱི་ཤ་དང་པགས་པ་བྱ་དང་གཅན་གཟན་སོགས་ཀྱིས་ཟོས་པ་ལ་དམིགས་
པའི་འདུ་ཤེས།
ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གཞི་བྱས།
རྣམ་པར་རིག་བྱེད་མ་ཡིན་པའི་གཟུག ཁྱད་པར་ལྔ་ལྡན་གྱི་གཟུགས་ཤིག གནས་སྐབས་ཀྱི་ཁྱད་པར།
སེམས་གཡེངས་པ་དང་། སེམས་མེད་པའི་སྙོམས་འཇུག་གཉིས་ཀྱི་གནས་སྐབས་ན་ཡང་ཡོད་པ། ངོ་བོའི་
ཁྱད་པར།
དགེ་བ་དང་མི་དགེ་བ་གང་རུང་ཡིན་པ། དུས་ཀྱི་ཁྱད་པར། རྒྱུན་མཆོག་རྗེས་སུ་འབྲེལ་བ།
རྒྱུའི་ཁྱད་པར། འབྱུང་བ་ཆེན་པོ་བཞི་རྣམས་རྒྱུར་བྱས་པ་ལས་བྱུང་བ།
རྣམ་པར་སུན་འབྱིན་པའི་སྟོབ སྔར་བྱས་ཀྱི་སྡིག་པ་ལ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་བྱེད་པ་ལ་
ཟེར།
སྒྲ་བཤད་ནི། སྡིག་པ་བྱེད་འདོད་ཀྱི་སེམས་དང་དེས་ཀུན་ནས་བསླངས་པའི་སྔར་བྱས་ཀྱི་སྡིག་པ་
རྣམས་རྣམ་པར་སུན་འབྱིན་པ་སྟེ་སེལ་
བར་བྱེད་པའི་དགེ་སེམས་སྟོབས་ཆེན་པོ་ཡིན་པས་དེ་སྐད་ཅེས་
བྱའོ།
རྣམ་པར་རིག་བྱེད་ཀྱི་གཟུག ཕྱིའི་རྣམ་འགྱུར་ལ་བརྟེན་ནས་ནང་གི་ཀུན་སློང་བཟང་ངན་སོགས་རིག་པའམ་
ད་པོག་པ
ར་བྱེད་པའི་གཟུགས། དཔེར་ན་ཁོང་ཁྲོ་ལངས་ཏེ་གདོང་དམར་པོ་ཆགས་པའི་རྣམ་འགྱུར་ལྟ་བུ།
སྒྲ་བཤད་ནི། རྣམ་པར་ནི་ཚིག་རྒྱན་ཙ་མ་མམ། ཡང་ན་ཡང་དག་པར་རམ། ལེགས་པར་ཞེས་པའི་དོན་
དང་།
རིག་བྱེད་ཀྱི་གཟུགས་ནི་ཕྱིའི་རྣམ་འགྱུར་ལ་བརྟེན་ནས་ནང་གི་ཀུན་སློང་བཟང་ང་ན་སོགས་རིག་
པའམ་དཔོག་པ
ར་བྱེད་པའི་གཟུགས་ཡིན་པས་ན་དེ་སྐད་ཅེས་བྱའོ།
རྣམ་པར་རིག་བྱེད་མ་ཡིན་པའི་གཟུག ཁྱད་ཆོས་དྲུག་དང་ལྡན་པའི་བསྟན་མེད་ཐོགས་མེད་ཀྱི་གཟུགས་
ཤིག
ཁྱད་ཆོས་དྲུག་ནི། གནས་སྐབས་ཀྱི་ཁྱད་པར་སེམས་གཡེངས་པ་དང་། སེམས་མེད་པའི་སྙོམས་
འཇུག་གཉིས་
ཀྱི་གནས་སྐབས་ན་ཡང་ཡོདཔ་དང་། ངོ་བོའི་ཁྱད་པར་དགེ་བ་དང་མི་དགེ་བ་གང་རུང་ཡིན་
པ།
དུས་ཀྱི་ཁྱད་པར་རྒྱུན་མཆོག་རྗེས་སུ་འབྲེལ་བ་སྟེ་རྒྱུན་བར་མ་ཆད་དུ་གནས་པ། རྒྱུའི་ཁྱད་པར་འབྱུང་
བ་ཆེན་པོ་བཞི་རྒྱུར་བྱས་
པ་ལས་བྱུང་བ། མིག་ཤེས་ལ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་ཁྱད་པར་དང་
དྲུག་གོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*