402
བྱེད་པ། གཞན་གྱི་གཏན་མི་ནུས་པ་རང་གིས་བྱེད་པ་དང་རང་དང་བསྡོམས་པས་ནུས་པ་ལ་གྲོགས་བྱེད་
པ་དང་བཟའ་བ་དང་བཏུང་བ་སྟེར་བའོ།
ལམ་རིམ་ཆེན་མོར་གསུངས་པ་ལྟར་བཀོད།
རྣམ་སྨིན་གྱི་སྒྲིབ་པ། ༿ ཆོས་བྱེད་པའམ་ལམ་གོང་མ་ཐོབ་པ་ལ་བར་དུ་གཅོད་པའི་བདེ་བ། ༿ ཆོས་བྱེད་
འམ་ལམ་གོང་མ་ཐོབ་པ་ལ་བར་དུ་གཅོད་པའི་སྡུག་བསྔལ།
རྣམ་སྨིན་གྱི་འབྲས་བུ་བརྒྱད། རང་དང་གཞན་གྱི་དོན་ལས་བརྩམས་ནས་ཡུན་རིང་པོར་དགེ་བ་མང་པོ་
གསོག་པར་བྱེད་པའོ།
མཐོང་བ་ཙམ་གྱིས་གདུལ་བྱ་དགའ་ནས་འདུ་ལ། དེའི་ཚིག་མཉན་པ་དང་བྱ་
བར་སེམས་པའོ།
བསྒོ་བ་ལས་མི་འད་འ་བར་བསྒྲུབ་པའོ། སྦྱིན་པས་སེམས་ཅན་རྣམས་བསྡུས་ཏེ་
སྨིན་པར་བྱེད་པའོ།
སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པས་སེམས་ཅན་རྣམས་སྡུད་ཅིང་
སྨིན་པར་བྱེད་པའོ།
བྱ་བ་ཐམས་ཅ་ད་ཀྱི་གྲོགས་བྱས་ཏེ་ཕན་བཏགས་པས་བྱས་པ་གཟོ་ཞིང་མུར་དུ་བསྒོ་
བ་ཉན་པའོ།
ཡོན་ཏན་ཐམས་ཅད་ཀྱི་སྣོད་དང་འདུན་པ་དང་རྩོལ་བས་བྱ་བརྩལ་ཐམས་ཅད་ཀྱི་སྣོད་
དང་ཤེས་རབ་ཡངས་པ་ཤེས་བྱ་རབ་ཏུ་འབྱེད་པའི་སྣོད་དུ་འགྱུར་ལ།
གཞན་ཡང་འཁོར་དུ་མི་འཇིགས་པ་
དང་སེམས་ཅན་ཐམས་ཅད་དང་ལྷན་ཅིག་འགྲོ་བའམ་སྨྲ་བའམ་ལོངས་སྤྱོད་པའམ་དབེན་པར་གནས་པ་ལ་
བཟློག་པ་དང་གེགས་བྱེད་པ་མེད་པའོ།
རང་དང་གཞན་གྱི་དོན་གང་ལ་ཡང་མི་སྐྱོ་ཞིང་སྤྲོ་ཤུགས་ཆེ་ལ་
བརྟན་པས་སོ་སོར་རྟོག་པའི་སྟོབས་ཐོབ་ནས་མངོན་པར་ཤེས་པ་
མུར་བའོ། ལམ་རིམ་ཆེན་མོར་
གསུངས།
རྣམ་སྨིན་གྱི་ཡོན་ཏན་བརྒྱད། ཆེ་ཕུན་སུམ་ཚོགས་པ། ཁ་དོག་ཕུན་སུམ་ཚོགས་པ། རིགས་ཕུན་སུམ་
ཚོགས་པ།
དབང་ཕྱུག་ཕུན་སུམ་ཚོགས་པ། ཚིག་བཅུན་པ། དབང་ཆེ་བར་གྲགས་པ།
སྐྱེས་པ་ཉིད། སྟོབས་དང་ལྡན་པ་སྟེ་བརྒྱད་དོ། ལམ་རིམ་ཆེན་མོར་གསུངས།
ནམ་གཞག རྣམ་བཞག་དང་འདྲ། རྣམ་བཞག་ལ་གཟིགས།
རྣམ་གཞག་རིམ་པ། བསྐྱེད་རིམ་རྣམ་གཞག་རིམ་པ་ཡང་ཟེར། དཔལ་གསང་བ་འདུས་པའི་བསྐྱེད་རིམ་གཙོ་བོར་
སྟོན་ཞིང་
རྫོགས་རིམ་གྱི་གནད་འགའ་ཞིག་ཀྱང་སྟོན་པའི་གཞུང་ཞིག སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཀླུའི་བྱང་
ཆུབ་བ་བམ།
ཀླུའི་བློས་མཛད།
རྣམ་གཞག་རིམ་པའི་རྣམ་བཤད། རྣམ་གཞག་རིམ་པའི་རྣམ་བཤད་དཔལ་གསང་བ་འདུས་པའི་གནད་ཀྱི་དོན་
གསལ་
བ་ཞེས་བྱ་བ། རྗེ་ཙོང་ཁ་ཆེན་པོས་མཛད།



tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*