405
དུ་སྦྱོར་བའི་རྣལ་འབྱོར་ཡང་ཡིན་ལ། གཙོ་བོར་ཆོས་ཀྱི་སྐུའི་སྒྲུབ་བྱེད་སྟོང་ཕྱོགས་ཤེས་རབ་ཀྱི་ཆ་ཡིན་
པས་མ་
ཞེས་ཀྱང་བྱའོ། ཇེའི་མཐའ་གཅོད་རིན་པོ་ཆེའི་མུ་གུ་ལ་གཞི་བྱས་ཏེ་བཀོད།
རྣལ་འབྱོར་བཞི། ཕྱག་ཆེན རྩེ་གཅིག་གི་རྣལ་འབྱོར། སྤྲོས་བྲལ་གྱི་རྣལ་འབྱོར། རོ་གཅིག་གི་རྣལ་
འབྱོར།
སྒོམ་མེད་ཀྱི་རྣལ་འབྱོར་དང་བཞིའོ།
བརྣངས་པ། ཟས་ཟོས་པའི་ཁམ་མགྲིན་པའི་ཕྱོགས་སུ་ཐོགས་པ།
སྣ་མའི་མེ་ཏོག ཛ་ཏིའི་མེ་ཏོག། དེ་ལ་སྔོ་དཀར་དམར་གསུམ་ཡོད་པར། རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ།
སྣ་ཚོགས་གཉིས་མེད་པ། (4) ཤེས་པ་གཅིག་ལ་རྣམ་པ་དུ་མ་འཆར་བར་ཁས་ལེན་པའི་སེམས་ཙ་མ་རྣམ་བདེན་
པ།
(2) དེ་ལྟར་ཁས་ལེན་པའི་མདོ་སྡེ་པ། སྡེ་བདུན་ཡིད་ཀྱི་མུན་སེལ་གྱི་དགོངས་པ་ཡིན།
སྣ་ཚོགས་དོ་རྗེ། ཤ་ར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་སྔོ་བའི་རྡོ་རྗེ་རྒྱ་གྲམ། སྒྲ་བཤད་ནི། ཁ་
དོག་སྣ་ཚོགས་པ་ཅ་ན་གྱི་རྡོ་
ཇེ་ཡིན་པས་སྣ་ཚོགས་རྡོ་རྡོ་རྗའོ། དེ་ལ་སྣ་ཚོགས་རྡོ་རྗེ་ར་ལྔ་པ་དང་། སྣ་ཚོགས་
རྡོ་རྗེ་ར་
བཅུ་གཉིས་པ། སྣ་ཚོགས་རྡོ་རྗེ་ར་ཉི་ཤུ་ཅན་པ་བཅས་ཡོད། སྣ་ཚོགས་རྡོ་རྗེ་ར་ལྔ་པ་དཀར་སེར་
དམར་ལྗང་སྔོ་བ
འི་ཁ་དོག་ལྔ་ལྡན་གྱིས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་ལྡོག་ཆས་ཕྱེ་ན་ལྔ་ཡོད་པར་
མཚོན།
སྣ་ཚོགས་རྡོ་རྗེ་ར་བཅུ་གཉིས་ཡོད་ཆེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་པ་མཚོན། སྣ་
ཚོགས་རྡོ་རྗེ་ར་ཉི་ཤུ་
ཡོད་ཆེ། འཇིག་ལྟ་ཉི་ཤུ་དག་པ་མཚོན་ན་ནོ། སྣ་ཚོགས་རྡོ་རྗེ་རྩེ་མོ་གསུམ་པ་ཞིག་ཀྱང་
ཡོད་པར་
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཆན་གསུང་ངོ་།
སྣ་ཚོགས་པདྨ། (4) ཕྱོགས་བཞིའི་འདབ་མ་དམ་དམར། མེ་རླུང་སེར། བདེན་བྲལ་ལྗང་། དབང་ལྡན་ནག ལྟེ་བ་
ལྗང་།
གེ་སར་སེར་བ་དང་བཅས་པའི་པདྨ་མའོ། (2)ཁ་དོག་དཀར་སེར་དམར་ལྗང་འདབ་མ་རེ་བཞི་
པའམ།
སོ་གཉིས་སམ། བཅུ་དྲུག་པ་ལྟེ་བ་ལྗང་། གེ་སར་སེར་བ་དང་ལྡན་པའི་པད་མའོ། སྒྲ་བཤད་ནི།
ཁ་དོག་སྣ་ཚོགས་པ་ཅན་གྱི་པད་མ་ཡིན་པས་དེ་སྐད་ཅེས་བྱའོ། མཚོན་དོན་ནི། གཞལ་ཡས་ཁང་གི་འོག་
གཞིའི་
སྣ་ཚོགས་པདྨ་འདམ་ལས་སྐྱེས་ཀྱང་འདམ་ཀྱིས་མ་གོས་པ་ལྟར། འདོད་ཡོད་ལམ་བྱེད་ལས་སྐྱེས་
ཀྱང་
ཆགས་སོགས་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པ་མཚོན། སྣ་ཚོགས་པདྨཱ་འདབ་མ་རེ་བཞི་བྱས་ཆེ་
ལྟེ་བའི་རྩ་འཁོར་མཚོན་པ་སོགས་གཞན་ལའང་རིགས་འགྲའོ།
སྣ་ཚོགས་ཡུམ། དཔལ་དུས་ཀྱི་འཁོར་ལོའི་ཡུམ་གྱི་མཚན།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*