43
དངོས་ཀྱི་དོན་ཚིགས་སུ་བཅ་ད་པར་བསྡུས་པའོ། བར་སྡོམ་ནི་ཡན་ལག་གི་དོན་ཚིགས་སུ་བཅ་ད་པར་
བསྡུས་པའོ།
སློབ་དཔོན་དཔའ་བོ་གསུང་།
སྤྱི་བུངས། (4) དགེ་འདུན་སྤྱིའི་གསོལ་སྟོན། དགེ་འདུན་སྤྱིའི་ཆེད་དུ་གཡོས་པའི་ཟས། མདོ་རྩ་བར། སྤྱི་བུང་ས་
བཤམས་པ་ན་
གཎྜི་བརྔུང་ངོ་། ཞེས་གསུངས་པ་ལྟ་བུ། (2) དགེ་འདུན་གྱི་སྤྱི་རྫས།
སྤྱི་། ༿མགོའི་དཀྱིལ་ལམ། མགོའི་ཆ་མཐོ་ཤོས། ༿ རྩེ་མོ། རྗེའི་ལྷ་མོ་བཞིས་ཞུས་ཀྱི་རྒྱ་ཆེར་བཤད་པ་ལས།
སྤྱི་བོའི་སྐད་དོད་རྩེ་མོ་ལ་ཡང་འཇུག་པས། དོད་རྩེའི་རྩེ་མོ་ཡང་སྤྱི་བོར་བསྒུར་བ་མང་ངོ་། ཞེས་གསུང་ས་
པ་ལྟར་རོ།

སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། ༿ དག་ལུགས སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་པ་ཙེ་མོ་ཅུང་ཟད་
ཐུར་དུ་ཕྱོགས་པ་
གདུགས་ཁ་སྤྱུབས་པ་ལྟ་བུའོ། དེ་ནི་སྤྱི་བོར་ཀླད་པའི་སྟེང་ཀླད་རྒྱའི་འོག་དབུ་མ་ལས་
ཕྱོགས་བཞིར་རྩ་འདབ་བ་བཞི་། དེ་རེ་རེ་ལས་གཉིས་གཉིས་གྱེས་པས་བརྒྱད། དེ་རེ་རེ་ལས་གཉིས་གཉིས་
གྱེས་པས་
བཅུ་དྲུག དེ་རེ་རེ་ལས་གཉིས་གཉིས་གྱེས་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་སོ་གཉིས་པའོ།
སྒྲ་བཤད་ནི། བདེ་བའི་རྟེན་གཞི་བྱང་སེམས་སྤྱི་བོར་གནས་ཤིང་དབྱིབས་འཁོར་ལོ་དང་འདྲ་བས་དེ་སྐད་
ཅེས་བྱའོ།
ཡང་ན་སྤང་བྱ་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པའི་ཕྱིར་འཁོར་ལོ་ཞེས་བྱའོ། ༿
བཀའ་བརྒྱུད། སྒྲ་བཤད་ནི། སྤྱི་བོར་གནས་ཤིང་བདེ་བ་ཆེན་པོའི་རྟེན་ཐིག་ལེ་དཀར་ཆ་བརྟེན་ལ་དབིུབས་
འཁོར་ལོ་
འདྲ་བས་སམ། དེ་ལ་གནད་དུ་བསྣུན་པས་སྙོམས་འཇུག་གི་གནས་སྐབས་བདེ་བ་ཆེན་པོའི་སྐུའི་
དགོང་ས་པར་འཆར་ཞིང་། སྤང་བྱ་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པས་འཁོར་ལོ་ཞེས་བྱའོ།
ཞེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཟབ་མོ་ནང་དོན་གྱི་འགྲེལ་པ་ན་གསལ།
སྤྱི་བོར་དབང་བསྐུར། སྤྱི་བོའི་སྟེང་དུ་གཞག་པ།
སྤྱི་གཙུག མགོའི་སྐྲ་འཁྱིལ་ཡོད་ས་དི་ལ་ཟེར།
སྤྱི་མཚན། རྟག་པ། སྤྱི་མཆན་གྱི་ངོ་བོ་ནི། ཡུལ་རང་ངོས་ནས་གྲུབ་པའི་གནས་ལུགས་ཀྱི་ངོ་པོ་མ་ཡིན་པར་རྟོག་
པས་བཏགས་པ་ཙ་མ་གྱིས་
ཆོས་སུ་གྲུབ་པའོ། སྒྲ་བཤད་ནི། རང་གི་ངོ་བོའི་སྒོ་ནས་རྟོགས་པར་བྱར་མེད་
པར་སྤྱིའི་སྒོ་ནས་རྟོགས་དགོས་པའི་
མཆན་ཉིད་ཅ་ན་ཡིན་པས་དེ་སྐད་ཅེས་བྱའོ།
སྤྱི་མཛད། ཆོས་འཁོར་བསྐོར་བ་སོགས་མཛད་པ་བཅུ་གཉིས་ནི་མཆོག་གི་སྤྲུལ་སྐུ་སྤྱིའི་མཛད་པ་ཡིན་པས་སྤྱི་
མཛད་ཟེར།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*