432
སྤྱིའི་མཚན་ཉིད། ཆོས་སྤྱིའི་རང་བཞིན། དཔེར་ན། འདུས་བྱས་ཐམས་ཅ་ད་ནི་མི་རྟག་པའོ། ཟག་བཅ་ས་ཐམས་
ཅ་ད་ནི་སྡུག་བསྔལ་བའོ།
ཆོས་ཐམས་ཅ་ད་ནི་སྟོང་ཞིང་བདག་མེད་པའོ། མ་ངན་ལས་འདས་པ་ནི་ཞི་བ་
དམ་པའོ། ཞེས་གསུང་ས་པ་ལྟ་བུའོ།
སྤྱིལ་བུ། ཡལ་ག་དང་ལོ་མའི་གནས་ཁང་།
སྤྱོད་བོད། ཕྱི་ནང་གི་རྣལ་འབྱོར་ཆ་མཉམ་དུ་སྤྱོད་ཅིང་བསྒོམ་པའི་ལྷ་མོ་དང་བལྟ་ཞིང་རྩེ་རྒོད་ཉམས་སུ་མོང་བའི་
ཆགས་
པ་ལམ་བྱེད་ནུས་ཀྱང་དེ་ཡན་ཆད་མི་ནུས་པ་ལ་དེ་ཙ་མ་གྱི་ཆགས་པ་ལམ་བྱེད་སྟོན་པ་སྤྱོད་རྒྱུད།
གསང་བསྐྱེད་མི་བསྐྱོད་མགོན་པོའི་ཞལ་ལུང་ན་གསལ།
སྤྱོད་འཇག་ཆེན་མོ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་ལེའུ་བཅུའི་བདག་ཉིད་ཅ་ན་གྱི་བསྟན་བཅོས་ཤིག།
ལེའུ་བཅུ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་གྱི་ལེའུ། སྡིག་པ་བཤགས་པའི་ལེའུ། བྱང་ཆུབ་ཀྱི་
སེམས་ཡོང་ས་སུ་བཟུང་བའི་ལེའུ།
བག་ཡོད་ཀྱི་ལེའུ། ཤེས་བཞིན་གྱི་ལའུ། བཟོད་པའི་ལེའུ།
བརྩོན་འགྲུས་ཀྱི་ལེའུ། བསམ་གཏན་གྱི་ལེའུ། ཤེས་རབ་ཀྱི་ལའུ། བསྔོ་བའི་ལེའུ་དང་བཅུའོ།
འདི་ལ་རྒྱ་གར་ན་འགྲེལ་པ་མི་འདྲ་བ་བརྒྱ་རྩ་ཡོད་པར་བུ་སྟོན་སོགས་མཁས་པ་རྣམས་གསུང་། འགྲེལ་པ་
དི་རྣ
མས་ལས་བོད་དུ་འགྱུར་བ་འགྲེལ་པ་བརྒྱད་ཡོད་པ་ཚང་མ་འགྲེལ་ལུགས་མི་འདྲ་བ་ཡོད་པར་
གསུང་ས་ཤིང་།
བོད་དུ་འགྱུར་བའི་འགྲེལ་པ་བརྒྱད་ནི། ཤེར་འབྱུང་བློ་གྲོས་ཀྱི་འགྲེལ་ཆེན། བཻ་རོ་
ཙ་ན་ར
ཀཱི་ཏ། ད་གེ་བ་ལྷ། བི་བྷཱུ་ཏི་ཙ་དྲས་མཛད་པའི་འགྲེལ་པ། ནག་པོ་བའི་འགྲེལ་པ།
ལེའུ་དགུ་པའི་དཀའ་འགྲེལ་མཛད་བྱང་མེད་པ་ཞིག། གསེར་གླིང་པས་མཛད་པའི་འགྲེལ་པ། ཇོ་བོ་
རྗེས་མཛད་པའི་འགྲེལ་
པ་དང་བརྒྱད་དོ། དེ་བཞིན་དུ་ཤེར་ལེའི་འགྲེལ་པ་རྔོག་ལོས་བསྒུར་བ་རྣམས་ཀྱང་
ཡོད།
བོད་འགྲེལ་ནི་ཤིན་ཏུ་མང་ངོ་།
སྤྱོད་བསྡུས་སྒྲོན་མ། སློབ་དཔོན་ཨཱར་དེ་ཝས་མཛད།
སྤྱོད་པ་ལུ། བཀའ་བརྒྱུད ལྟ་སྐོམ་སྤྱོད་འབྲས་བཞིའི་ནང་གསེས་ཀྱི་སྤྱོད་པ་ལ་ལྔ་སྟེ། ཀུན་ཏུ་བཟང་པོ།
གསང་སྤྱོད། རིག་པ་བརྟུལ་ཞུགས། ཚོགས་སྤྱོད། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་དང་ལྔ།
སྤྱོད་པ་བསྡུས་པའི་སྒྲོན་མ། སྤྱོད་བསྡུས་སྒྲོན་མ་ད་ང་འདྲ།
སྤྱོད་པ་གསུམ། (4) དགེ་ལུགས རིམ་གཉིས་ལ་བོགས་འདོན་པའི་ཡན་ལག་ཏུ་རིག་མའི་འདོད་ཡོན་ལ་ལོང་ས་
སྤྱོད་པའི་སྤྱོད་པ་
རྣམ་པ་གསུམ་ནི། རྗེའི་སྔགས་རིམ་ཆེན་མོ་ལས། དེ་ལ་སྤྲོས་བཅ་ས་ནི། གནས་ཁྱད་པར་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*