434
སྤྱོམ་པ། གཞན་ལ་ངོམ་པ། ཆེའི་བླ་མ་ལྔ་བཅུ་པའི་རྣམ་བཤད་ལས། རང་གི་ཡོན་ཏན་ཅུང་ཟད་ཙ་མ་ཡང་གཞན་
ལ་ངོམ་པའོ།
ཞེས་གསུང་ས།
སྤྲ། སྤྲེའུ་ལས་ལུས་སྟོབས་ཆེ་ཞིང་མདོག་སྐྱ་བ། གདོང་དང་པོང་ས་ཚོས་གནག་ལ་ང་ང་རྒྱུད་བཟང་བའི་དུད་འགྲོ་ཞིག
སྥ་བའི་མེ་ཏོག མེ་ཏོག་དཀར་པོ་ཞིག་བི་མིང་། ལུང་ཕྲན་ཚིགས་ཀྱི་འགྲེལ་པ་ལས། མགོ་སྤྲ་ཐོག་གི་རྣམ་པ་ལྟ་བུ་
ཞེས་བྱ་བ་ནི་སྤྲ་བའི་མེ་ཏོག་བཞིན་དུ་མགོ་དཀར་པོར་གྱུར་པའོ།
ཞེས་གསུང་ས། ཨར་ཀའི་མེ་ཏོག། ཚིར་
མའི་མེ་ཏོག། ཐར་ནུའི་མེ་ཏོག་རྣམས་དོན་འདྲ།
སྤྲ་མོ། སྤྲེའུ་ལས་ལུས་སྟོབས་ཆེ་ཞིང་མདོག་སྐྱ་བ། གདོང་གནག་ལ་ང་ང་རྒྱུད་བཟང་བའི་དུད་འགྲོ་མོ་ཞིག
སྤྲིན། (4) ཆུ་འཛིན། (2) ཚོགས་སམ་མང་པོ། དཔེར་ན་མཆོད་པའི་ཚོགས་ལ། མཆོད་པའི་སྤྲིན་ལྟ་བུ།
སྤྲིན་གྱི་རྔ་སྒྲ། འབྲུག་སྒྲ།
སྤྲིན་བརྒྱད། སྤྲིན་ཆེན་པོ་བརྒྱད་དང་འདྲ།
སྤྲིན་ཆེན་པོ་བརྒྱད། ཤར་དུ་སྒྲོག་པ། ལྷོར་གཡོ་བ། ནུབ་ཏུ་དྲག་པོ། བྱང་དུ་ཆེར་སྒྲོག་པ། བྱང་ཤར་དུ་བརྟན་པ།
ཤར་ལྷོར་གང་བ། ལྷོ་ནུབ་ཏུ་འབེབས་པ། ནུབ་བྱང་དུ་གཏུམ་པ་སྟེ་བརྒྱད་དོ། དི་ཐམས་ཅུ་ད་ཀྱང་གློག་
འཕྲེང་འཁྱུག་ཅིང་འབྲུག་སྒྲ་སྒྲོག་པ། སེར་བ་དང་ཆར་འབེབ་པའོ།
སྤྲིན་མེད། གཟུགས་ཁམས་གནས་རིས་བཅུ་བདུན་གྱི་བཅུ་པ། སྒྲ་བཤད་ནི། འོག་གཞི་སྤྲིན་ལྟར་འདབ་ཆགས་པར་
གནས་པ་
མེད་པས་སྤྲིན་མེད། ཅེས་མཆིམས་མཛོད་གསུང་། ཡང་ན་དབུགས་འབྱུང་རུ་བ་སོགས་ཀྱི་བར་
ཆད་ཀྱི་སྤྲིན་མེད་
པས་དེ་ལྷར་དུ་བརྗོད། འདུལ་བ་ལུང་གཞིའི་རྒྱ་ཆེར་འགྲེལ་ལས་གསུང་ས།
སྤྲིན་ལ་བཞོན། ལྷའི་དབང་པོ་བརྒྱ་བྱིན་གྱི་མིང་སྟེ། སྤྲིན་དང་འདྲ་བའི་གླང་པོ་ཆེ་དཀར་པོ་ལ་ཞོན་པས་དེ་སྐད་
ཅིས་བྱ།
སྤིས་མ། འོ་མ་སོགས་ཀྱི་ཁ་སྤྲི། དཔེར་ན་འོ་མ་བསྐོལ་ཏེ་གྲང་བ་ན་ཁར་ཆགས་པའི་རྩིས་ཞག་ལྟ་བུ།
སྤུལ། བསྒུར་བའི་དོན།
སྤྲུལ་སྐུ། རནིར་སཱ་ཎ་ཀ་ཡཌ ངེས་པར་འགྱུར་བའམ་རྒྱུན་མི་བརྟན་པའམ་ངེས་པར་གཞན་དུ་སྤྲུལ་ཞིང་བསྒུར་བས་
སྤྲུལ་སྐུ་
ཞེས་བྱ། རྩ་བ་ལས། གང་གི་སྲིད་པ་ཇི་སྲིད་བར། འགྲོ་ལ་ཕན་པ་སྣ་ཚོགས་དག། མཉམ་དུ་
མཛད་པའི་སྐུ་དེ་ནི།
ཐུབ་པའི་སྤྲུལ་སྐུ་རྒྱུ་མི་འཆད། ཅེས་འབྱུང་། ངེས་པ་ལྔ་ད་ང་མི་ལྡན་པའི་རབ་ཏུ་ཕྱེ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*