440
དགའ་སྤྲོ་མོས་གུས་སྨྲ་མི་ཤེས་པ་ལྟ་བུས་ཡིད་གཡོས་ཏེ་དྲན་མེད་དུ་བརྒྱལ་ཞིང་། དེ་ཀ་རང་ལ་ཕྱག་རྒྱ་
ཆེན་པོའི་རྟོགས་པ་ཁྱད་པར་ཅ་ན་འཁྲུང་ས་པར་བཤད།
ཕག་མོ་གྲུ་པར་ཀུན་བཟང་ནགས་ཁྲོད་དུ་གདན་ས་
མཛད་པས་
འགྲོ་མགོན་ཕག་པོ་གྲུ་པ་ད་ང་། རིན་ཆེན་སྤུངས་པའི་བྲག་རྩར་བཞུགས་པས་མཐའ་རྩ་བར་
ཡང་གྲགས།
བཅོམ་ལྡན་འད་ས་བཱཀྱ་ཐུབ་པ་དང་ངོ་བོ་གཅིག་པར་ཡང་ཞལ་གྱིས་བཞས། སློབ་མ་བསྐྱང་ས་
པས་གྲུབ་པའི་སྐྱེས་བུ་མང་དུ་བྱོན། ཁོང་གི་གི་གཅེན་སི་ཏུ་བྱང་ཆུབ་རྒྱལ་མཆན་གྱིས་དབུས་གཙ་ང་གི་བདག་
པོ་བྱས།
རྗེ་ཙོང་ཁ་པ་ཆེན་པོའི་ནཱ་རོ་དྲུག་སྐོར་གྱི་ལུས་བྱོང་འཕྲུལ་འཁོར་གྱི་གདམས་པ་འདི། རྒྱལ་བ་ཕག་
མོ་གྲུ་པ་
ལས་བརྒྱུད་པའི་གད་མས་པ་ཡིན་པར་གསུང་། ཕྱི་ལོ་ ལོར་གདན་ས་མཐིལ་ཕྱག་བཏབ་
པ་
བཅ་ས་སོ།
ཕང་ས་པ། (4) སྙིང་ལ་སྡུག་པ། གཅེས་པ། སྙིང་ལ་དགའ་བ། དཔེར་ན། གཅེས་ཤིང་ཕང་ས་པ་ཞེས་པ་ལྟ བུ། (2)
རང་གི་གཅིས་པོ་བྱེད་རྒྱུའི་རྒྱུ་དངོས་སོགས་བོར་བརླག་ཏུ་སོང་བའི་སེམས་ཀྱི་ཚོར་སྣང་།
ཕཊ། (1) ཕཊ་ཞེས་བྱ་བ་ནི་གསོད་པ་གསལ་བར་བྱེད་པའི་ས་བོན་ནོ། ཞེས་རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ།
(2) ཕཊ་ནི་ཁོས་ཤིག་ཅེས་པའོ། ཞེས་རྗེའི་སྔགས་རིམ་ཆེན་མོར་གས་ལ། (8) འཇོམས་བྱེད་ཀྱི་སྒྲ་སྒྲ་སྟེ། མི་
མཐུན་པའི་ཕྱོགས་འཇོམས་པར་བྱེད་པའི་
སྒྲའོ། ཞེས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཆན་གསུང་།
ཕན་པའི་ས། དལ་འབྱོར་གྱི་རྟེན་བཟང་། སྤྱོད་འཇུག་ལས། ཤིན་ཏུ་རྙེད་དཀའ་ཕན་པའི་ས། དལ་འབྱོར་གྱི་རྟེན
ཇི་ཞིག་ལྟར་སྟེས་རྙེད་གྱུར་ནས། བདག་ཉིད་ཤེས་དང་ལྡན་བཞིན་དུ། ཕྱིར་ཡང་དམྱལ་བ་དེར་ཁྲིད་ན།
སྔགས་ཀྱིས་རྨོང་ས་པར་བྱས་པ་བཞིན། བདག་ལ་འདིར་སེམས་མེད་དུ་ཟད། ཞེས་གསུང་ས།
ཕན་བདེ། ཕྱུན་ཚོགས། འཇིག་རྟེན་ལས་འད་ས་མ་འདས་ཀྱི་ཕུན་ཚོགས། སྒྲ་བཤད་ནི། ཕུགས་སུ་ཕན་པ་དང་།
འཕྲལ་དུ་བདེ་བས་ན་ཕན་བདའོ། རྗེའི་ལམ་རིམ་ཆེན་མོ་ལ་གཞི་བྱས།
ཕམ་འདྲ། ཕམ་འདྲའི་ཉེས་བྱས། རབ་བྱུང་བསྙེན་པར་མ་རྫོགས་པས་མི་ཆངས་སྤྱོད་སོགས་རྩ་བ་བཞིའི་གཞི་ལ་
ཞུགས་པའི་
ལྟུང་བའོ། ད་པེར་ན་ད་གེ་ཚུལ་གྱིས་མི་ཚང་ས་པར་སྤྱོད་པའི་གཞི་ལ་ཞུགས་པའི་ལྟུང་བ་ལྟ་བུ།
སྒྲ་བཤད་ནི། བྱེད་ལས་ཕམ་པ་དང་འདྲ་ལ་སྡེ་ཆན་ཉེས་བྱས་སུ་གཏོགས་པས་དེ་སྐད་ཅེས་བྱ། དགེ་ཚུལ་
སོགས་རབ་
ཏུ་བྱུང་བ་རྣམ་པ་གསུམ་ནི། བསྟན་པ་ལ་ཞུགས་པ་མ་ཚོགས་པས་ལྟུང་བ་ཉེས་བྱས་ལས་ཆེ་བ་
མི་བསྐྱེད་ད་དོ།

ཕམ་འདྲའི་ཉེས་བྱས། ཕམ་འདྲ་དང་དོན་གཅིག


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*