446
ཕོ་བྲང་། རྒྱལ་པོ་སྡོད་སའི་ཁང་པ། སྒྲ་བཤད་ནི། བཙན་ཕོའི་བྲང་སའམ་སྡོད་ས་ཡིན་པས་ན་ཕོ་བྲང་ཞེས་བྱ་སྟེ།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིདེབ་ཐེར་ད་ཀར་པོ་ལས། ཡིག་རྙིང་དུ་བཙན་པོ་དང་བཅུན་མོ་ལ་
བྱ་བ་ལ།
བཙན་ཕོ་དང་བཙ་ན་མོ་ཞེས་བྲིས་ཏེ།་དེའི་ཕྱིར་ཕོ་བྲང་བྱ་བ་ཡང་བཙན་ཕོ་བཞུགས་པའི་བྲང་ས་
དང་།
དེ་བཞིན་བླ་བྲང་བྱ་བ་བླ་མ་བཞུགས་པའི་བྲང་སའམ་དབུ་གུར་སོགས་ལ་བྱེད་དེ། དམག་སྒར་
བཏ་བ་
པ་ལ་དམག་གི་བྲང་བཏབ་པ་སོགས་འདུལ་བ་ལ་ཡང་སྣང་བ་བཞིན་ནོ། ཞེས་གསུངས།
ཕོ་བྲང་ནམ་པར་རྒྱལ་བའི་ཁང་བཟང་། ལྷའི་དབང་པོ་བརྒྱ་བྱིན་གྱི་པོ་བྲང་། ལྷའི་ད་བང་པོ་བརྒྱ་བྱིན་གྱི་ཕོ་བྲང་རྣམ་པར་
རྒྱལ་བའི་ཁང་
བཟང་ལ་གཟིགཟིགས།
ཕོ་མོ་མ་ནིང་གི་མིང་མཐའ་འདྲེན་ཚུལ། རྟགས་མཚུངས་འདྲེན་ཚུལ་ལ་གཟིགས།
ཕོ་ལོང་། སྐུད་པའི་ཚོགས་ཟླུམ་པོར་བྱས་པ།
ཕོའི་དབང་པོ་ལས་རུང་དུ་བྱེད་པའི་རྒྱུ་ལྔ་ནི། བཤང་བས་ཉེ་བར་ནོན་པ་དང་། གཅི་བས་ཉེ་བར་ནོན་པ།
རླུང་གིས་ཉེ་བར་ནོན་པ། སྲོག་ཆགས་ཨུཙཏིང་ཀས་ཟིན་པ། འདོད་ཆགས་ཀྱིས་ཀུན་ནས་ད་ཀྲིས་པ་ལྔའོ།
ལྔ་པོ་འདི་ལུང་རྣམ་འབྱེད་ལས་གསུངས་ཞེས་མཚོ་ཊཱིཀ་གསུང་།
ཕོལ་མིག འབྲུམ་བུའི་ཐོར་བ་ཕྲ་མོ་མང་པོ་ཡོད་པའི་ཟ་འཕྲུགཅན་གྱི་ནད་ཅིག
ཕྱག་རྒྱ།
(4) དམ་ཕྲུག། ཐེལ་རྩེ། ཐམ་ག་བཅས་ཀྱི་ཞེ་ས། (2) ཆོ་གའི་ལག་བད། (8) གསང་ཡུམ། གསང་སྔགས་
ཀྱི་རྣལ་འབྱོར་པས་
བསྟེན་པའི་བུད་མེད། དགེ་ལུགས འདུ་བྱ་རྒྱུའི་རིག་མ་ལ་ཕྱག་རྒྱ་ཞེས་བརྗོད་པའི་རྒྱུ་
མཆན་ཡོད་དེ་ཐབས་ཀྱི་རྡོ་རྗེས་དེ་ལྟ་བུའི་ཤེས་རབ་ལ་རྒྱ་གདབ་པར་བྱ་བ་ཡིན་པས་དེ་ལྟར་བརྗོད་པའི་
ཕྱིར་ཏེ།
་བརྟག་གཉིས་ལས། རྡོ་རྗེ་འདིས་ནི་གདབ་པ་ཡིས། དེས་ན་ཕྱག་རྒྱར་བརྗོད་པར་བྱ། ཞེས་
གསུང་ས་པའི་ཕྱིར།
བཀའ་བརྒྱུད ཕྱག་རྒྱ་ཞེས་པའི་ངེས་ཚིག་ཀྱང་། གཉིས་སུ་མེད་པའི་ཡེ་ཤེས་མི་ཕྱེད་
པའི་རྡོ་རྗེ་
འདིས་ནི་རྒྱས་གདབ་པའི་ཕྱིར་ཕྱག་རྒྱའམ། ཡང་ན། རིགས་ལྔའི་མཚན་ཉིད་ཅན་གྱི་ལས་ཀྱི་
ཕྱག་རྒྱ་ལ་བརྟན་ནས་ལྷན་སྐྱེས་ཀྱི་བདེ་བ་ཆན་པ་། ཡུལ་དང་ཡུལ་ཅན་མི་ཕྱེད་པའི་རྡོ་རྗེ་འདིས། རྣལ་
འབྱོར་པའི་རྒྱུད་ལ་
རྒྱས་གདབ་པ་ཉིད་ཉམས་སུ་མོང་སྟེ། རྒྱུ་མཚན་དེས་ན་ཕྱག་རྒྱ་ཞེས་བྱ་བར་བརྗོད་པར་
བྱའོ།
ཕྱག་རྒྱ་ལྔ། (1)ད་བུ་རྒྱན། སྙན་རྒྱན། མགུལ་རྒྱན། གདུ་བུ། མཆོད་ཕྱིར་ཐོགས་དང་ལྔའོ། ཕྱག་རྒྱ་ལྔ་རྒྱལ་བ་
རིགས་ལྔ་དང་སྦྱོར་ཚུལ་སོགས་འདིའི་སྐོར་ཞིབ་པར་གཟིགས་འདོད་ན། དངུལ་ཆུའི་གསུང་རྣལ་འབྱོར་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*