454
དོན་གཉེར་བའི་བློ་མི་སྐྱེ་པས། བསམ་སྦྱོར་གང་གི་སྒོ་ནས་ཀྱང་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པས།
དེ་སྐད་ཅེས་བྱའོ།
ཕྱིར་ཞིང་། ༿སླར་ཡང་། རྗེའི་བླ་མ་ལྔ་བཅུ་པའི་རྣམ་བཤད་ལས། ཕྱིར་ཞིང་སྟེ་སླར་ཡང་། ཞེས་གསུངས།
དཔེར་ན། བླ་མ་ལྔ་བཅུ་པ་ལས། དེས་ནི་རིམས་སོགས་གནོད་པ་རྣམས། ཕྱིར་ཞང་འབྱུང་བར་མི་འགྱུར་
རོ།
ཞེས་དང་། དམ་ཆོས་པདྨ་དཀར་པོའི་མདོ་ལས། དེས་ན་དེ་ཡིས་སྨན་ད་ག་རྙེད་པ་ནི། ཤིན་ཏུ་
སྦྱར་ལེགས་མཁས་པས་བྱིན་
ན་ཡང་། དེས་ཀྱང་དེ་དག་ནད་ནི་ཕྱིར་ཞིང་སྐྱེ། ནམ་ཡང་དེ་ཡི་ནད་རྣམས་
མཐར་མི་
འབྱུང་། ཞེས་གསུངས་པ་ལྟར་རོ། ༿ ལྷག་པར། རྗེ་གུང་ཐང་པས་ཀྱང་། ཤུག་པའི་ལོ་མ་
མེར་བཅུག་ན། ལྷག་པར་དྲི་ཞིམ་རྒྱས་པ་བཞིན། དམ་པ་རྣམས་ལ་གནོད་བྱས་པས། ཕྱིར་ཞིང་དེ་ཡི་ཆེ་
བ་འདོན།
ཞེས་གསུངས་པ་ལྟར་རོ
ཕྱིར་ཡང་། སླར་ཡང་། རྗེའི་བྱམས་པའི་བསྟོད་ཆེན་ལས། གཟུགས་དང་གཟུགས་མེད་ལྷ་ཡི་གནས་ཐོབ་ཀྱང་།
འདུ་བྱེད་སྡུག་བསྔལ་འཆིང་ལས་མ་གྲོལ་བ་ས། སྔོན་གྱི་ཏིང་འཛིན་འཕེན་པ་ཟད་པ་ན། ཕྱིར་ཡང་འོག་ཏུ་
ལྷུང་ནས་
བརྒྱུད་མར་འཁོར། ཞེས་གསུངས་པ་ལྟར་རོ།
ཕྱིར་གསོ་བ། བུ་ཕྲུག་གིས་ཕ་མ་ལ་དྲིན་ལན་དུ་ཕན་འདོགས་ཤིང་ཚུར་གསོ་སྐྱོང་བྱེད་པོ།
ཕྱིས་གནོན་བྱེད་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་བཅུ་བདུན་པ་ནི། དགེ་འདུན་གྱི་གནས་སུ་སྔར་
བཞུགས་པའི་དགེ་སློང་ལ་མཐོ་འཚམས་པའི་ཕྱིས་གནོན་བྱེད་པའོ།

ཕྱུག་པ། གནའ་བོ་རྒྱ་གར་ན་གསེར་དངུལ་ལ་སོགས་པ་མང་པོ་ལྡན་པའི་མི་ལ་ཕྱུག་པ་ཟེར།
ཕྱུག་པ་ནོར་ཆེ་བ་ལོངས་སྤྱོད་ཆེ་བ གནའ་བོ་རྒྱ་གར་ན་གསེར་དངུལ་ལ་སོགས་པ་མང་པོདང་ལྡན་པ་ལ་ཕྱུག་
པ།
མ་ཧེ་ལ་སོགས་པ་སྒོ་ཕྱུགས་མང་བ་ལ་ནོར་ཆེ་ག གྲོ་དང་འབྲུ་ལ་སོགས་པ་མང་བ་ལ་ལོངས་སྤྱོད་ཆེ་
བ་
ཞེས་བྱའོ།
ཕྱུག སྒོ་ཟོག། མིས་གསོ་སྐྱོང་བྱེད་པའི་ལྡད་རྒྱག་མཁན་གྱི་དུད་འགྲོ་སྤྱིའི་མིང་།
ཕྱེ་མ་ཕུར་མ། ཕྱེ་མའི་ཕུར་མ། ཕྱེ་མ་ནི་ཞིབ་མོར་བཏགས་པའི་དངོས་རྫས་ཀྱི་མིང་ཡིན་ལ། ཕུར་མ་ནི་ཐུམ་བུའི་
མིང་།
དཔེར་ན་ཕྱེ་སྨན་དང་རིན་པོ་ཆེའི་ཐུམ་པོ་ལ་ཕྱེ་མའི་ཕུར་མ་དང་། འབྲུའི་ཐུམ་པོ་ལ་འབྲུའི་ཕུར་མ་
ཟེར་བ་བཞིན་ནོ།



tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*