456
འགྱུར་རོ། ཞེས་རྗེས་སུ་བཟུང་ངོ་། བསྟན་བཅོས་ཀྱང་། ཚད་མ་ཀུན་བཏུས་རྩ་འགྲེལ། དམིགས་བརྟག་
རྩ་འགྲེལ།
དུས་གསུམ་བརྟག་པ། རིགས་པ་ལ་འཇུག་པ། ཕྱོགས་ཆོས་འཁོར་ལོ་སོགས་མང་དུ་བཙམས་
ཏེ།
ནང་པའི་ཆད་མ་རིག་པའི་སྲོལ་འབྱེད་པའི་སློབ་དཔོན་དུ་གྱུར་ཏོ།
ཕྱོགས་སྐྱོང་། ལྷའི་བྱེ་བྲག་ཅིག། དེ་ལ་ཀླུ་ད་ང་ཡི་དུགས་སུ་གཏོགས་པའང་ཡོད་པ་མཆིམས་མཛོད་ལས་གསུངས་

གནོད་སྦྱིན་དང་། ཕྱོགས་སྐྱོང་དང་། འཇིག་རྟེན་སྐྱོང་བ་དང་། བདུད་རྣམས་ནི་ཕལ་ཆེར་ལྷའི་སྡེར་
གཏོགས་ལ།
ཀླུ་དང་ཡི་དུགས་སུ་གཏོགས་པའང་ཡོད་དོ། ཞེས་གསུངས། གཞན་ཡང་། སྤྱིར་ཕྱོགས་སྐྱོང་
ལ།
ཕྱུར་གདབ་བྱེད་ས་ལྟ་བུ་བགེགས་ཀྱི་ཁོངས་གཏོགས་དང་། སྔོན་འགྲོའི་གཏོར་མ་འབུལ་ས་ལྟ་བུ་དཀར་
ཕྱོགས་པ། དཀྱིལ་འཁོར་གྱི་མཐར་ཡོད་པ་ཕྱི་འགྲོའི་གཏོར་མ་འབུལ་ས་ལྟ་བུ་གཙོ་བོའི་ཡེ་ཤེས་ཀྱི་ཆ་ཡིན་
པར་
མཁས་པ་འགའ་གསུང་།
ཕྱོགས་སྐྱོང་བརྒྱད། ཤར་དུ་བརྒྱ་བྱིན་དཀར་པོ་གླང་ཆེན་ལ་ཞོན་པ། ལྷོར་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ།
ནུབ་ཏུ་ཆུ་ལྷ་དཀར་པོ་གདེངས་ཀ་བདུན་དང་ལྡན་པ་ཆུ་སྲིན་ལ་ཞོན་པ། བྱང་དུ་གནོད་སྦྱིན་སེར་པོ་མི་ལ་
ཞོན་པ།
བྱང་ཤར་དུ་དབང་ཕྱུག་དཀར་པོ་གླང་ལ་ཞོན་པ། ཤར་ལྷོར་མི་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། ལྷོ་
ནུབ་ཏུ་སྲིན་
པོ་སྔོན་པོ་མི་མགོའི་ཕྲེང་བའི་ཅོད་པཎ་ཅན་རོ་ལངས་ལ་ཞོན་པ། ནུབ་བྱང་དུ་རླུང་ལྷ་དུད་ཁ་ཤ་
བ་ལ་ཞོན་པ་
དང་བརྒྱད་དོ། ཐམས་ཅ་ད་ཀྱང་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཐལ་མོ་
སྦྱར་ནས།
གཡས་འོག་མ་རྣམས་ཀྱིས་རིམ་པ་བཞིན་རྡོ་རྗེ་དབྱུག་པ་སྦྲུལ་ནོར་བུ་སྐྱུགས་པའི་ནེའུ་ལེ་རྩེ་
གསུམ་བགྲང་འཕྲེང་
རལ་གྲི་བ་དན་བསྣམས་པ་དང་། གཡོན་ཐམས་ཅད་ཐོད་ཁྲག་ཐུགས་ཀར་བཟུང་ནས་
རང་གི་ཡུམ་ལ་འཁྱུད་པའོ། སྤྱིར་ཕྱོགས་སྐྱོང་དེ་ལ་བགེགས་ཀྱི་ཁོངས་གཏོགས་དང་། དཀར་ཕྱོགས་པ།
གཙོ་བོའི་ཡེ་ཤེས་ཀྱི་ཆ་གསུམ་ཡོད། ཕུར་གདབ་བྱེད་ས་དེ་དང་པོ། སྔོན་འགྲོའི་གཏོར་མ་འབུལ་ས་དེ་
གཉིས་པ།
དཀྱིལ་འཁོར་གྱི་མཐར་ཡོད་པ་ཕྱི་འགྲོའི་གཏོར་མ་འབུལ་ས་དེ་གསུམ་པ་ཡིན་པར་གསུང་།
ཕྱོགས་སྐྱོང་བཅུ། དབང་པོ། གཤིན་རྗེ། ཆུ་བདག། གནོད་སྦྱིན། མེ་ལྷ། སྲིན་པོ། རླུང་ལྷ། འབྱུང་པོ། ཚང་ས་པ།
ས་ཡི་ལྷ་མོ་ད་ང་བཅུའོ།
ཕྱོགས་སྐྱོང་བཅོ་ལྔ། ཕྱོགས་སྐྱོང་བཅུའི་སྟེང་དུ། ཉེ་དབང་། ཚོགས་པདག། ཉི་མ། ཟླ་བ། ཐགས་བཟང་རིས་
བཅས་བཅོ་ལྔའོ།



tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*