462
རྒྱུ་འཇིམ་པ་ལྟ་བུ་དང་། རྫོགས་བྱེད་ཀྱི་ལས་ནི་ལྷ་བཟོ་ལྟ་བུ་ལ་ཟེར་ལ། རྫོགས་བྱེད་ཀྱི་ལས་ཀྱི་འབྲས་བུ་ནི་
འདྲ་སྐུའི་དབྱིབས་ད་ང་ཁ་དོག་བཟང་ངན་སོགས་ཀྱི་ཁྱད་པར་རྣམས་ལྟ་བུའོ།
འཕོང་ས་ཕྱིས་པའི་རྡོ། རྐུབ་ཕྱིས་པའི་རྡོ་སྟེ། རིན་ཐང་ཅི་ཡང་མེད་པ་དང་། ཡལ་བར་དོར་བའི་དཔའོ།
འཕྱ་བའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་བཅུ་གཉིས་པ་ནི། དགེ་འདུན་གྱི་ལས་བྱེད་པའི་གང་ཟག་བཅུ་
གཉིས་པོ་ལ་
མིང་སྨོས་ཏེ་འཕྱ་བའམ་མིང་མ་སྨོས་པ་ཟུར་གྱིས་འཕྱ་བའཕྱ་བའོ།
འཕྱ་སྨོད། གཞན་ལ་སྐྱོན་རྗོད་དང་དམའ་འབེབས་བྱེད་པ། སྒྲ་བཤད་ནི། མི་དེའི་མིང་སྨོས་པའི་སྒོ་ནས་སྐྱོན་
བརྗོད་པ་ནི་
འཕྱ་བ། མིང་མ་སྨོས་པར་འགའ་ཞིག་འདི་ལྟར་བྱེད་དོ་ཞེས་སྐྱོན་བརྗོད་པ་ནི་སྲོད་པའོ།
འཕྱར་བ།(4) གྱེན་དུ་སྒྲེང་བའམ་སློང་བ། (2)བསྒྱེད་རིམ འཕྱར་བ་ཞེས་པའི་དོན་ལ་བསྐྱེད་རིམ་རྣམས་སུ་བཤད་
པ་
འདྲ་མིན་ཡོད་ཀྱང་། ངོས་གཅིག་ལ་སྒོ་ཡོད་པས་ཡབ་ཡུམ་སྙོམས་འཇུག་སྐབས་གཡས་གཡོན་དུ་
འཕངས་ཏེ་
ཕྱེ་ཆོག་པའི་དོན་ཡིན་པར་བླ་མ་རྣམས་གསུང་།
འཕྱར་གཡེང་། ཕྱར་གཡེང་དང་དོན་འདྲ། ཕྱར་གཡེང་ལ་གཟིགས།
འཕྱེ་པོ། རྐང་པ་ཞ་བོ། རྗེའི་རིམ་ལྔ་གསལ་སྒྲོན་ལས། དེ་བས་ན་འཕྱེ་བོ་དང་ལོང་བ་བཞིན་དུ་འདི་གཉིས་ལ་
འབྲེལ་པ་ཡོད་
ན་དོན་གྱི་བྱ་བ་འགྲུབ་བོ་ཞེས་ཟེར་རོ། ཞེས་གསུངས་པ་ལྟ་བུ།
འཕྱོན་མ། སྨད་ཚོང་མ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རང་རྣམ་ལས། ཆགས་སྡང་བརླང་པོའི་ཐུགས་རྒྱུད་ཞོ་
འཐུང་བུའཐུང་བུའི།
རུས་པར་འགྲན་ཀྱང་གསུང་འཇམ་ཞི་དུལ་ཅན། ངུར་སྨྲིག་གིས་མཛེས་ཆེར་མ་དར་
གཏུམས་བཞིན། འཕྱོན་མའི་རྣམ་ཐར་ཚུལ་ལའང་བདག་མི་དགའ། ཞེས་གསུངས་པ་ལྟ་བུའོ།
འཕྲལ་བ། བརྡ་རྙིང (4) ད་པྲལ་བ། དཔེར་ན་འཕྲལ་བའི་དབྱེས་ཆེ་བ་ཞེས་པ་ལྟ་བུ། འདུལ་བ་ལུང་སོགས་རྒྱ་
གཞུང་མང་པོ་
ན་གསལ། (2) འཕྲི་བ།
འཕྲལ་གྱི་འཁྲུལ་རྦུ། གློབུར་རམ་གནས་སྐབས་ཀྱི་འཁྲུལ་རྒྱུ་ནི། དཔེར་ན། རབ་རིབ་དང་། མུར་དུ་བསྐོར་བ།
གྲུར་ཞུགས་པ། འཁྲས་ནད་ལ་སགས་པ་ལྟ་བུའོ།
འཕྲིག་ཚུད་པ། དོན་རགས་རིམ་ཤེས་པའི་དོན་ཡིན།
འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞི། རྗེ་ཙོང་ཁ་པའི་དངོས་སློབ་བཞི་སྟེ། འཇམ་ད་བྱང་ས་
ཆོས་རྗེ་བཀྲ་ཤིས་ད་པལ་ལྡན།
མཚུང་ས་མེད་ཆོས་རྗེ་གུང་རུ་རྒྱལ་མཚན་བཟང་པོ། རྗེ་བཅུན་ཤེས་རབ་
སེང་བེ།
ཐམས་ཅ་ད་མཁྱེན་པ་དགེ་འདུན་གྲུབ་པ་དང་བཞིའོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*