464
བ་མེན། གླང་རྒོད་ད་ང་ཡུལ་པའི་བ་གཉིས་འདུས་པའི་རི་དགས་ཀྱི་རིགས་ཤིག། སློབ་དཔོན་ཞི་བ་འཚོས། གང་ལ་
བ་
མེན་ཅི་འདྲ་ཞས། གྲོང་པ་དག་གིས་དྲིས་པ་ན། བ་ལང་ཅི་འདྲ་དེ་འདྲ་ཞས། འབྲོག་པས་སྨྲས་པ་ལྟ་བུ་
འོ།
ཞེས་ཊིཀ་ཆེན་རིགས་པའི་རྒྱ་མཚོར་དྲངས་པ་ལྟར་། བ་མེན་ནི་རོང་མཚམས་སུ་ནགས་ཀྱི་བ་མེན་
ཟེར་བ།
གླང་རྒོད་དང་ཡུལ་པའི་བ་གཉིས་འདུས་པའི་རིགས་ལ་ཟེར། འདི་ནི་པདྨཱ་བཀོད་དང་། སྤོ་བོའི་
ནང་ལ་མང་པོ་ཡོད། ཅེས་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ན་གསལ། ངེས་ཚིག་ནི། བ་མེན་ནི་ལེགས་
སྦྱར་དུ་
ག་བ་ཡ་ཞེས་པ་སྟེ། བ་ལང་དང་དབྱིབས་འདྲ་ཞེས་པའི་དོན་ཡིན་པ་བསྟན་དར་ལྷ་ར་མས་པ་གསུང་
བ་
བཞོན་དྲུས་མ། འོ་མ་བཞོ་རྒྱུ་ཡོད་པའི་བ་། བ་བཞོན་མ། བ་དྲུས་མ་རྣམས་དོན་འདྲ།
བ་ཡི་མཆོག་སྤྱིན། གོ་ད་ཝ་རི་» བལ་ཡུལ་དུ་བ་དཀར་མོ་ཞིག་གིས་འོ་མས་མཆོད་སྦྱིན་བྱས་པའི་ཤུལ་དུ་བརྐོས་
པས་ད
བང་ཕྱུག་ཆེན་པོའི་ལིང་ག་ཞིག་བྱུང་། དེ་རི་འབིགས་བྱེད་དང་ཉེ་བ་རྡོ་རྗེ་གདན་ནས་ཟླ་བ་ཕྱེད་
གཉིས་
ཕྱིན་པའི་སར་ཁྱེར་ཏེ་མཆོད་པས་གྲུབ་ཆུ་བྱུང་བའི་གནས་ཏ། ལྷོ་ཕྱོགས་དཔལ་གྱི་རིའི་ངོགས་ཤིག་
ན་
ཡོད་པར་བཞེད།
བ་རིའི་འགྱེར། བ་རི་རིན་ཆེན་གྲགས་ཀྱི་འགྱུར་ལ་ཟེར། བུ་སྟོན་ཆོས་འབྱུང་ན་གསལ།
བ་རེག་ཐོས་པ་དགའ། བོད་ཀྱི་ལོ་ཙཱ་བ་གྲགས་ཆེ་བ་བརྒྱ་དང་གོ་གཉིས་ཀྱི་མཆན་ཐོ་བུ་སྟོན་ཆོས་འབྱུང་དུ་གསལ་
བའི་ནང་ནས།
ཨང་གྲངས་ པ་དེ་ཡིན་ནོ། སེ་ར་རྗེ་བཅུན་པའི་སྐབས་དང་པོའི་སྤྱི་དོན་དུ་འདིའི་
སྐོར་
ཟུར་ཙ་མ་གསལ།
བ་ལ། ལེགས་སྦྱར (4) སྟོབས། (8) ཤ། ཤ་ཟོས་ན་སྟོབས་སྐྱེ་བས་བ་ས་བ་ལའམ་སྟོབས་ཞེས་ཐ་སྙད་བཏ་གས།
བ་ལང་སྤྱོད། གླིང་བཞིའི་ཡ་གྱལ་ཏེ། རི་རབ་ཀྱི་ནུབ་ངོས་སུ་ཡོད་པའི་གླིང་ཆེན། སྒྲ་བཤད་ནི། གླིང་དེ་ན་གཙོ་པོ་
རིན་
པོ་ཆེ་ལ་ལོངས་སྤྱོད་པའི་ཕྱིར་བ་ལང་སྤྱོད་དོ། མཆིམས་མཛོད་གསུང་།
བ་ལང་མིག སྐར་ཁུང་གི་ཡིང་། དེ་ལ་ཁོལ་མ་ཡང་བེར།
བ་སུ་དྷཱ་ར། ལེགས་སྦྱར ནོར་རྒྱུན།
བ་སུ་དྷཱ་ར། ལེགས་སྦྱར ནོར་རྒྱུན་མ། ནོར་སྦྱིན་མའི་མཆན་ཡིན་པར། འཕགས་བོད་སྐད་གཉིས་ཤན་སྦྱར་ན་
གསལ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*