46 5
བག་ཆགས། (4) གོམས་པ། (2) སེམས་སྟེང་དུ་བཞག་པའི་ནུས་པ། སྒྲ་བཤད་ནི། མི་མངོན་པར་བག་ལ་ཞ་བའི་
ཚུལ་གྱིས་
ཆགས་པའམ་གནས་པས་ན་དེ་སྐད་ཅེས་བྱའོ།
བག་ཆགས་ཀྱི་ལུས། རྨི་ལམ་གྱི་ལུས། དཔེར་ན། རྨི་ལམ་གྱི་རི་ར་བ་ཁང་ཁྱིམ་རྣམས་ལྟ་བུ། སྒྲ་བཤད་ནི། བག་
ཆགས་སད་སྟོབས་ཀྱིས་
བྱུང་བའི་ལུས་ཡིན་པས་བག་ཆགས་ཀྱི་ལུས་ཞེས་བྱའོ།
བག་ཆགས་དང་ས་བོན་གྱི་ཁྱད་པར། བདེན་འཛིན་ལྟ་བུར་སྦྱར་ན་བདེན་གྲུབ་ཀྱི་སྣང་བ་ཕྱི་མ་སྐྱེད་བྱེད་ལ་བག་
ཆགས་དང་།
བདེན་འཛིན་ཕྱི་མ་སྐྱེད་བྱེད་ལ་དེའི་ས་བོན་ཞེས་བྱའོ། གཞན་ཡང་། ས་བོན་ནི་ལྕགས་སྒམ་
ནང་གི་ག་པུར་དང་། བག་ཆགས་ནི་དེའི་ཤུལ་དུ་ལུས་པའི་དྲི་མ་ལྟ་བུ་ལ་ཟེར་རོ།
བག་ཕེབས། འཇིགས་སྣང་དང་དངངས་སྐྲག་མེད་པར་ཞི་བདེར་གནས་པ།
བག་ཕེབས་པ། བག་ཕེབས་དང་འདྲ། --
བག་མེད་པ། (4) ཉེ་ཉོན་ཉི་ཤུའི་བཅུ་བདུན་པ་ནི། དུག་གསུམ་གང་རུང་ལེ་ལོ་དང་བཅས་པ་ལ་གནས་ནས་དགེ་
བ་མི་བསྒོམ་ཞིང་།
ཟག་བཅས་ཀྱི་ཆོས་ལ་སེམས་མི་བསྲུང་བར་བག་ཡངས་སུ་གཏོང་བས་རབ་ཏུ་ཕྱེ་བའི་
རིག་པའོ།
བྱེད་ལས་ནི། དེ་ཡོད་ན་མི་དགེ་བ་ང་ང་གིས་འཕེལ་བའི་ལས་ཅན་ནོ། (8) ད་གེ་བའི་ཆོས་
རྣམས་མི་བསྒོམ་པ་
སྟེ་མི་སྒྲུབ་པའོ། ཞེས་ཐུབ་པའི་དགོངས་རྒྱན་ལས་གསུང་ས། (8) དགེ་བའི་ཆོས་མི་
བསྒོམ་
ཞིང་གཅེས་སྤྲས་སུ་མི་བྱེད་པའོ།
བག་མེད་པའི་གནས། ཆང་། སྒྲ་བཤད་ནི། བག་མེད་པའི་གནས་ཏེ་རྒྱུ་ཡིན་པས་དེ་ལྟར་བརྗོད།
བག་ཙམ། ཅུང་ཟད་ཙ་མ།
བག་ཙམ་གྱི་ལྷག་མ། ལྷག་མ་བཅུ་གསུམ་གྱི་དགུ་པ་ནི། དགེ་སློང་རྣམ་དག་ལ་བྱ་བྱེད་མ་སྦྱར་བར་ཕམ་པའི་སྐུར་
བ་བཏབ་ནའོ།
བག་ཡོད།
༿ ཆོས་མ་ཡིན་པ་ལས་སེམས་སྲུང་ཞིང་དགེ་བའི་ཆོས་ལ་གཅེས་སྤྲས་སུ་བྱེད་པའི་སེམས་བྱུང་ཞིག།
༿དགེ་བ་བཅུ་གཅིག་གི་དགུ་པ་ནི། དུག་གསུམ་མིད་པ་བརྩོན་འགྲུས་དང་བཅས་པ་ལ་བཏགས་པའི་
བཏགས་ཆོས་གང་ཞིག
དགེ་བའི་ཆོས་བསྒོམ་ཞིང་། ཟག་བཅས་ལས་སེམས་བསྲུང་བས་རབ་ཏུ་ཕྱེ་བའི་
རིག་པའོ།

བགས།
རིམ་གྱིས།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*