467
བཛྲ་ར་ཏི། ལགས་སྦྱར རྡོ་རྗེ་དགའ་མ་སྟ། སྒྲོལ་མའོ། སྒྲ་བཤད་ནི། རྡོ་རྗེ་ནི་དོན་ཡོད་གྲུབ་པའོ། དེ་ལ་དགའ་
བས་
ན་རྡོ་རྗེ་དགའ་མ་སྟེ། དྲང་དོན་ནོ། རྡོ་རྗེ་ལྟར་མི་ཕྱེད་པའི་འོད་གསལ་གྱི་ཡེ་ཤེས་ལ་ད་གའ་བས་ན་རྡོ་
རྗེ་ད་གའ་
མ་སྟེ། ངེས་དོན་ནོ། ཞེས་རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ།
བར་བསྐལ། (4) བསྐལ་པ་ཞེས་བྱ་བ་ནི་ཐམས་ཅད་ད་པག་ཆད་ཕྱེད་ཕྱེད་པ་ལ་ཀ་ཤི་ཀའི་རས་ཀྱིས་ལོ་བརྒྱ་བརྒྱ་ན་
ཕྱོགས་རེ་ཕྱགས་པས་ནམ་ཟད་པར་འགྱུར་བ་དེ་ཙ་མ་ན་བསྐལ་པ་བར་མའོ། ཞེས་རྒྱ་གར་གྱི་མཁས་པ་བཻ་
རོ་ཙ་ན་
རཀྱི་ཏའི་སྤྱོད་འཇུག་འགྲེལ་པར་གས་ལ།་(8) བར་གྱི་བསྐལ་པའི་རྩིས་གཞི་ལོ་ཡི་བྱེད་པ་མིན་ནོ།
དེ་ཅིའི་ཕྱིར་ཞེ་ན། བཅུད་ཀྱི་སེམས་ཅན་གྱི་བྱེད་སྤྱོད་བཟང་ངན་གྱིས་བསྐལ་བཟང་གི་སང་ས་རྒྱས་དེ་དག་སྐུ་
ཆེ་དང་སྨོན་ལམ་གྱིས་ཀྱང་མ་ངེས་ཤིང་། བར་གྱི་བསྐལ་པ་ཡང་ཧ་ཅང་རྒྱུན་རིང་བས་ལོ་དང་ཟླ་བས་
བགྲ
ང་མི་ནུས་སོ། འགའ་ཞིག་གིས་བར་བསྐལ་གཅིག་ལ། མི་ལོ་ད་ཀྲིགས་ཆེན་པོ་གསུམ། དཀྲིགས་ཆུང་
བ་གསུམ།
གཏམས་ཆེན་དགུ། གཏམས་ཆུང་བདུན། རབ་བཀྲམ་ཆེན་པོ་བདུན། ཁྲག་ཁྲིག་ཆེན་པོ་དྲུག།
ཁྲག་ཁྲིག་ཆུང་བ་གཉིས། ཐེར་འབུམ་ཆེན་པོ་བཞི་ཡོད་གསུང་ས། ཁ་ཅིག་གིས་བར་བསྐལ་མི་ལོ་དཀྲིགས་
ཁྲག་དགུ་ཡོད་གསུང་ས་སོ། ཞེས་ཀློང་རྡོལ་བླ་མ་གསུང་། (8) ཡང་བོད་རྒྱ་ཚིག་མཛོད་ཆེན་མོར། བསྐལ་
པ་ཆུང་
བ་སྟ། ཆོས་མངོན་པའི་བཤད་སྲོལ་ལྟར་ན་མིའི་ཆེ་ལོ་བཅུ་པ་ནས་བཟུང་ལོ་བརྒྱ་རེར་ལོ་རེ་འཕེལ་
ཏེ་མིའི་ཆེ་ལོ་བ
རྒྱད་ཁྲི་བཞི་སྟོང་བར་ཡར་འཕེལ་བའི་དུས་ཡུན་ལ་བསྐལ་པ་ཆུང་བ་གཅིག་དང་། དེ་ནས་
ལོ་བརྒྱ་
རེར་ལོ་རེ་འགྲིབ་སྟེ་མིའི་ཆེ་ལོ་བཅུ་པའི་བར་མར་འགྲིབ་པའི་དུས་ཡུན་ལ་ཡང་བསྐལ་པ་ཆུང་བ་
གཅིག་ཟེར།
དེ་ལ་མི་ལོ་ཁྲི་བརྒྱད་བརྒྱ་སོ་དགུ་དང་དགུ་སྟོང་ཐམ་པ་ཡོད་ཅེས་གསལ།
བར་ཆད་ཀྱི་ཆོས། (4) ཕམ་ལྷག་ལ་སོགས་པའི་ལྟུང་བ། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལས་བཤད་། (2) ཐར་
པའི་ལམ་གྱི་གེགས་སུ་གྱུར་པ་འམ།
སྡོམ་པ་སྐྱེ་བའི་བར་ཆད་ཐམས་ཅ་ད། ལུང་ཕྲན་ཆེགས་ཀྱི་འགྲེལ་པ་
ལ་གཞི་བྱས།
བར་དོ། འབྱུང་ལུས་རགས་པ་སྤངས་པའི་ཕྲ་བའི་ལུས་ཅ་ན་ཡིན་པ། དབང་པོ་ཀུན་ཚང་བ། རི་བོ་ལ་སོགས་པ་ལ་
ཐོགས་མེད་དུ་འགྲོ་བ། ལས་ཀྱི་རྫུ་འཕྲུལ་སངས་རྒྱས་ཀྱིས་ཀྱང་དགག་པར་མི་ནུས་པ་ཞིག་ཡིན་ལ་ཟེར།
མིང་གི་རྣམ་གྲངས་ནི། ཡིད་ལས་བྱུང་བ། སྲིད་འཚོལ། སྲིད་པ་བར་མ་དོ། དྲི་ཟ། མངོན་གྲུབ་ཀྱི་སྲིད་པ་
རྣམས་
ཡིན་ནོ། སྒྲ་བཤད་ནི། ཤི་ནས་སྐྱེ་བ་མ་བླང་ས་པའི་བར་གྱི་སྲིད་པ་ཡིན་པའི་བར་མ་དོའམ་བར་དོ་
ཞེས་བྱའོ།



tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*