བུ་ཕའི་གཟུགཟུགས་འཇིན། ཕའི་སྤྱོད་ཚུལ་ལེགས་པར་སྐྱོང་བའི་བུ། མཚོ་ཊིཀ་མཆན་བུ་ལས། ཕའི་གཟུགས་འཛིན་
ཞེས་
པ་ཕ་རོ་པང་གིས་བཏེག་སྟེ་སྡོད་པ་ལ་མི་ཟེར་གྱི་ཕའི་སྤྱོད་ཚུལ་ལེགས་པར་སྐྱོང་བ་ལ་ཟེར་
རོ།
ཞེས་གསུང་ས།
བུ་མོའི་ཁྱིམ། སྟོན་གྱི་དུས། སྒྲ་བཤད་ནི། བུ་མོ་རྣམས་མདང་ས་བཟང་བའི་དུས་ཨིན་པས་དེ་སྐད་ཅེས་བརྗོད།
བུ་ཟན་མོ། སྲིན་། སྒྲ་བཤད་ནི། བུ་ཟ་བའི་ཕྱིར་དེ་སྐད་ཅེས་བརྗོད།
བུ་ཡི་འོད་གསལ། ལམ་དུས་སུ་བསྒོམས་སྟོབས་ཀྱིས་ཤར་བའི་འོད་གསལ་ལ་བུའི་འོད་གསལ་ཟེར། དཔེར་ན་
སྙིང་
ག་སོགས་སུ་གནད་དུ་བསྣུན་པ་ལས་སྣང་མཆེད་ཐོབ་གསུམ་འོད་གསལ་ད་ང་བཅས་པ་ཤར་བའི་འོད་
གསལ་
དེ་ལ་བུ་ཡི་འོད་གསལ་ཞེས་བྱའོ། འཆི་དུས་ཀྱི་འོད་གསལ་ལ་ནི་མའི་འོད་གསལ་ཟེར་ར་རོ།
བུ་རམ་ཤིང་པ། སངས་རྒྱས་ཤཱཀྱ་ཐུབ་པའི་རིགས་བརྒྱུད་ཀྱི་མིང་། ལོ་རྒྱུས་ནི། ཡུལ་གྲུ་འཛིན་དུ་རྒྱལ་རབས་
ཉི
ས་བརྒྱ་འདས་པའི་རྗེས་སུ་རྒྱལ་པོ་རྣ་བ་ཅ་ན་ཞེས་བྱ་བ་བྱུང་། དེ་ལ་བུ་གཉིས་ཡོད་པ། ཆེ་བའི་མིང་གཽ་ཏ་
མ།
ཆུང་བའི་མིང་བྷ་ར་དྷཱ་ཛ། གཽ་ཏ་མ་རབ་ཏུ་བྱུང་། བྷ་ར་དྷཱ་ཛས་རྒྱལ་པོ་བྱས་པས། སྲས་མ་འཁྲུང་ས་
པར།
བྷ་ར་དྷཱ་ཛ་ལོག་ལྟ་སྐྱེས་ཏེ། ཕུ་བོ་གཽ་ཏ་མ་གསལ་ཤིང་གི་རྩེ་ལ་བསྐྱོན་ཏེ་བཀྲོངས་པ་ལས། འབངས་
རྣམས་ཀྱིས་གསོལ་བ་བཏབ་པས།
གཽ་ཏ་མས་ སྔོན་གྱི་ལས་དབང་གིས་ཉེས་པའི་སྐྲོན་ཕོག། སློབ་དཔོན་བྲམ་ཟི་མདོག་
ནག་
གི་བདེན་ཚིག་གིས་གོ་ཏ་མའི་ས་བོན་ཟག་པས་སྒོ་ང་གཉིས་སུ་གྱུར། གཽ་ཏ་མའི་བདེན་ཚིག་གིས་སློབ་དཔོན་གསེར་གྱི་མདོག་ཏུ་
གྱུར།
གདན་ཁར་ས་བོན་ཟག་པ་ལ་སྒོ་ང་གཉིས་སུ་གྱེར་ཏ། སྒོ་ང་གཉིས་པོ་བུ་རམ་ཤིང་ལོའི་གསེབ་ཏུ་
བཞག་པས།
རིང་ཞིག་ན་ཁྱེའུ་གཉིས་སུ་གྱུར་ནས། གཅིག་གི་མིང་ཉི་མའི་གཉེན། གཅིག་གི་མིང་བུ་རམ་
ཤིང་པར་
བཏགས་པར་གསུང་ས་སོ།
བུང་བ།(4) སྦྲང་རྩི་གསོག་མཁན་གྱི་སྦྲང་བུའི་མིང་། (2) རྡོནག་པོ་ཞིག་གི་མིང་སྟེ། དེ་ལ་སྟང་ཟིལ་ཟེར། དཔེར་ན།
རྗེ་བཅུན་བྱམས་པའི་མངོན་རྟོགས་རྒྱན་ལས། དབུ་སྐྲ་བུང་བ་ལྟར་གནག་དང་། ཞེས་པ་ལྟ་བུ།
བུངས། ཚོམས་དག་གི་ཕུང་པོ་སྟེ། ཕུང་པོ་ཆེན་པོ་ཞེས་བྱ་བའི་དོན།
བུད། (4) ཕྱིར་ཐོན་པའམ་དོན་པ། མི་གྲལ་ནས་བུད་། ལྟོ་བ་ཕྱི་ལ་བུད། མཆན་མ་པྱི་ལ་བུད་ལྟ་བུ། བུད་དང་
འབུད་ལ་དོན་གཞན་ཡང་ཡོད་པ་ཚིག་མཛོད་རྣམས་སུ་གཟིགས། (2) མཆན་ཉིད་ཀྱི་གཞུང་དུ། བུད་དང་།
འབུད་ཅེས་འབྱུང་བ་ནི། ཤོར་བ། འཆོར་བ། ཉམས་པ། ཁས་ལེན་ད་ང་དམ་བཅ་འ་ཤོར་བ་དང་།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*