475
ངོ་ཆ་བ་ལྟར་འདུག་པ། གཞོན་ནུའི་གཟུགས་དང་། བུ་མ་བཙས་པའི་གཟུགས་དང་། ན་ཆུང་ཆད་ལ་བབ་
པའི་གཟུགས་སྟོན་པ་དང་
སུམ་ཅུ་རྩ་གཉིས་སོ། རྒྱ་ཆེར་རོལ་པའི་མདོ་ལས་གསུངས་པ་ལྟར་བཀོད་ད་དོ།
བུད་མེད་ཀྱིས་དུབ་པ། བུད་མེད་ལ་ཆགས་པ་ཤས་ཆེར་སྤྱད་པས་སྟོབས་ཟད་པ་གང་ཡིན་པའོ།
བུད་མེད་ཀྱི་ཟེའུ་འབྲུ། བྱ་ལེ།
བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་རེ་ལྔ་པ། བུད་མེད་དང་ལྷན་ཅིག་ཉལ་ཏེ་
མཆན་མོ་འདས་པའོ།
བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་། འབའ་ཞིག་པ་དགུ་བཅུའི་བདུན་ཅུ་པ། ཁྲིམས་གྲོགས་
མེད་པར་བུད་མེད་ད་ང་ལྷན་ཅིག་
ལམ་དུ་རྒྱང་གྲགས་འདས་པ་ཕྱིན་པའོ།
བུམ་པའི་ཁྱི ད་གུན་གྱི་དུས། སྒྲ་བཤད་ནི། བུམ་པའི་ནང་པི་ཆང་རོ་ནུས་དང་ལྡན་པའི་དུས་ཡིན་པས་དེ་སྐད་
བརྗོད།
བུམ་པ་གང་བྱོའི་ཚུལ། ཆ་ཚང་བ་གནང་བའམ་ཐོབ་པའི་དོན་ཏེ། དཔེར་ན། ཆུ་བུམ་པ་གང་སྣོད་གཅིག་ནས་
གཅིག་ཏུ་
བླུག་པ་བཞིན་དུ་ཆ་ཚང་བ་གནང་བའམ་ཐོབ་པའི་དོན་ནོ། གད་མས་པ་བུམ་པ་གང་བྱོའི་ཚུལ་དུ་
གནང་།
གདམས་པ་བུམ་པ་གང་བྱོའི་ཚུལ་དུ་མང་འ། ཞེས་པ་ལྟ་བུའོ།
བུམ་དབང་། ༿ དགེ་ལུགས མི་བསྐྱོད་པ་ཆུའི་དབང་སོགས་རིག་པ་ཡེ་ཤེས་ལྔའི་དབང་དང་། རྡོ་རྗེ་སློབ་དཔོན་
གྱི་དབང་མཐའ་
རྟེན་དང་བཅ་ས་པའི་ལྷ་ཡི་ཆུ་བོའི་རྒྱུན་གྱིས། གཙོ་བོ་སྲོག་གཅོད་དང་། ལུས་ཐ་མལ་དུ་
འཛིན་པའི་སྣང་ཞེན་གྱི་དྲི་མ་
སྦྱངས་ཏེ། ལམ་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་དང་། འབྲས་
བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅ་ན་འཇོག་པའི་དབང་ལ་ཟེར། ཁྲི་རྒྱལ་མཚན་སེང་གེའི་གསུང་ལ་
གཞི་བྱས།
རྗེ་ཙོང་ཁ་པ་ཆེན་པོའི་གསང་འདུས་སྨོན་ལམ་ལས། བུམ་དབང་ག་བྷཱའི་ཆུ་རྒྱུན་བསྐུར་བ་
ཡིས།
ཐ་མལ་སྣང་ཞེན་དྲི་མ་འཁྲུད་པར་ཤོག། ཅེས་གསུང་ས་པ་ལྟར་རོ། ༿ བཀའ་བརྒྱུད འདོད་ལྷ་
ཡབ་ཡུམ་
འཁྱུད་པ་ལས་བྱུང་བའི་བདེ་སྟོང་གི་ཏིང་ངེ་འཛིན་ལ་ཟེར། སྒྲ་བཤད་ནི། བུམ་པའི་ལས་དང་བྱ་
བ་
འཇུག་པས་སམ། བླུགས་གཏོར་དག་པར་བྱས་ནས་རྒྱུད་སྣོད་རུང་དུ་བྱེད་པས་ན་དེ་སྐད་ཅེས་བྱའོ།
བྱེད་ལས་ནི། གཙོ་བོར་ལུས་ཀྱི་དྲི་མ་འཁྲུད་ཅིང་ལུས་དག་པར་བྱས་ནས་སྐུ་རྡོ་རྗེའི་སྤྲུལ་སྐུ་མཛད་པ་དང་
བཅས་པ་འགྲུབ་པའི་
ནུས་པ་འཇོག་པའོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྒྱུད་བརྟག་གཉིས་ཀྱི་སྤྱི་དོན་ལས་
གསུངས་པ་ལྟར་བཀོད།



tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*