477
རྩོད་ལྡན་གྱི་ཐོག་མ་སྐྱ་སེང་བུ་ལྔས་དབུང་ཚོགས་ཡན་ལག་བཅོ་བརྒྱད་དམ་བཅུ་གཉིས་བཅོམ་པའི་ཆེ། ར་
པ་ཏི་
ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་
ལུགས་སུ་བྱས་
ནས་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལས། དིང་སང་ན་
ཡང་བོད་ཅེས་བྱ་
བ་གྲགས་པ་ཡིན་ནོ་ཞེས་སློབ་དཔོན་ཤེས་རབ་གོ་ཆས་བཤད་ད། སྔོན་གྱི་ཡི་བེ་རྙིང་པ་
རྣམས་ལས་ཡུལ་
འདི་ལ་སྔོན་མིང་སྤུར་རྒྱལ་ཞེས་ཟེར་ལ། ཕྱིས་བོད་ཅེས་བྱ་བ་འཆད་པ་ཡང་སློབ་དཔོན་
ཤེས་རབ་གོ་ཆའི་གསུང་དང་སྦྱར་ན་འབྱོར་། ཁྱད་པར་ཐུབ་པ་བཞུགས་པའི་དུས་ན་བོད་ཅེས་པ་ལུང་
རྣམ་འབྱེད་
དུ་བཤད་ལ། དུས་ཀྱི་འཁོར་ལོར་ཡང་། འཕགས་པ་བོད་ལ་སོགས་རྣམས་ལ། ཞེས་གསུང་ས་
སྣང་ང་ངོ་།
ཞེས་གསལ། བོད་ཅེས་ཐ་སྙད་བྱུང་ཚུལ་ནི། རྒྱ་སྐད་ཀྱི་བྷོཊ་ལས་བོད་བྱུང་ཞེས་པ་དང་། བོད་
ལས་
བྷོཊ་བྱུང་ཞེས་སྨྲ་མཁན་གཉིས་འབྱུང་ཡང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་རབས་དེབ་
ཐེར་དཀར་པོ་ལས། རང་རེའི་ཡུལ་འདི་ལ་ཆེས་སྔ་མོ་ཞིག་ནས། རང་སྐད་དུ་བོད་ཀྱི་ཡུལ་ཞེས་བྱ་བར་
གྲགས།
རྒྱ་གར་པ་རྣམས་རང་རེ་ལ་བྷོཊ་བྱ་བར་འབར་འབོད། དེ་ནི་གནའ་དུས་ཀྱི་ཀློག་ལ་བོད་ཅེས་བརྗོད་ཆེ་བོ་
དང་ད་
སྒྲ་གཉིས་ཀ་གསལ་བར་འཐོན་པའི་ད་བང་པི་ས། བོད་། བྷོར། བྷོཊ། ཞེས་རིམ་གྱིས་འགྱུར་ནས།
དོན་ལ་བོད་བྱ་བའི་ཚིག་འདི་ག་རང་རྒྱ་སྐད་དུ་ཕར་ལ་ཟུར་ཆག་པ་ཡིན་གྱི། རྒྱ་གར་པས་ཚུར་བཏགས་པ་
ཞི
ག་ནི་མིན་པར་སེམས། ཞེས་གསུང་ས། གནའ་དུས་བོད་ཀྱི་ག་སྟངས་ལའང་རྔེས་འཇུག་སོགས་གསལ་བར་འདོན་
ཚུལ་ཞིག་ཡོད་ངེས་ཏེ། དཔེར་ན་ལ་དྭགས་ཀྱི་ཡུལ་སྐད་དུ། སངས་རྒྱས་ཞེས་བབོད་པའི་ཚེ། ཡང་འཇུག་གི་ས་དང་བཅས་པ་
གསལ་བར་
འདོན་པ་འདིས་ཅང་མཚོན་ནུས་ཤིང་། ལ་དུགས་ཀྱི་ཡུལ་སྐད་སྒྲ་དག་པོ་བརྔོད་ན་དག་ཡིག་ལོགས་སུ་སློབ་མི་དགོས་
པ་ལྟ་བུ་ཞིག་འདུག་
པས་ཡུལ་སྐད་ཧ་ཅང་རྩ་བ་ཆེན་པོ་ཞིག་ཏུ་སྣང་ངོ་། བོད་ཅེས་བྱ་བའི་ཚིག་གི་དོན་གང་ཡིན་ཟེར་
ན།
རྣམ་པ་གཅིག་ཏུ་ན་དོན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་ཙ་མ་ཡིན་པ་ཡང་སྲིད། ཡང་ན་ནི་རྗེ་
གཉའ་ཁྲི་སོགས་ལ་བོད་དེ་དང་སྤུར་རྒྱལ་ཞེས་འབོད་པ་དེ་ཡང་། ཡོངས་གྲགས་ཀྱི་བསམ་འཁྱེར་ལྟར་ན།
ཡུལ་གྱི་མིང་རྗེ་ཐོགས་པ་ལྟར་སྣང་མོད་ཀྱི། དོན་ལ་རྒྱལ་པོའི་མཆན་ཡུལ་ལ་ཐོགས་པ་སོགས་ཀྱང་སྲིད་
དོ།
ཞེས་སོགས་དང་། ད་ལྷ་རྒྱ་ནག་མ་གཏོགས་ཡུལ་ཆེན་ཀུན་ཏུ་བོད་ཀྱི་མིང་ལ་ཏི་བྷད་བྱ་བར་གྲགས།
འདི་ནི་རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཀྱི་མིང་ལ་ཏུའུ་ཕན་དུ་འབོད་པ་ད་ང་། དེ་མཚུང་ས་སོག་པོའི་
སྐད་དུ་ཐུ་བྷད་ཅེས་འབོད་པ་འདི་རང་ཟུར་ཆག་པར་མངོན་ལ། ཞེས་གསུང་ས། འདིའི་སྐོར་ཞིབ་པ་མཁས་
དབང་
དབེ་འདུན་ཆོས་འཕེལ་དང་ཞྭ་སྒབ་པའི་རྒྱལ་རབས་སོགས་ལ་གཟིགས།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*