485
བུ། (1) བཀའ་བརྒྱུད སེམས་ཉིད་ད་མ་ཐ་མལ་གྱི་ཤེས་པ་ལ་ཟེར། དེ་ལ་གདོད་མའི་བྱང་ཆུབ་ཆེན་པོ།
སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས། གཞི་བྱང་ཆུབ་ཀྱི་སེམས་སོགས་ཀྱི་ཐ་སྙད་བྱེད་
ད་དོ།
དེ་ཡ་ང་འདུས་པའི་རྒྱུད་ཕྱི་མ་ལས། ཐོག་མ་ཐ་མ་མེད་ཞི་བ། དངོས་དང་དངོས་མེད་ཟད་པའི་
གཙོ།
སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། བྱང་ཆུབ་སེམས་ཞེས་བྱ་བར་བརྗོད། དེ་ལ་གཞི་དང་། ལམ་
དང་།
འབྲས་བུ་གསུམ་གྱི་བྱང་ཆུབ་ཀྱི་སེམས་གསུམ་ཡོད་པར་གསུང་ས།
བྱང་ཆུབ་མཆོད་རྟན། མཆོད་རྟེན་ཆ་བརྒྱད་ཀྱི་གཉིས་པ་སྟེ། བདག་ཅག་གི་སྟོན་པ་རྒྱལ་པོའི་ཁབ་ཏུ་མངོན་པར་
བྱང་ཆུབ་པའམ་
སངས་རྒྱས་པའི་ཆེ་བཞེང་ས་པའི་གྲུ་བཞི་བང་རིམ་བཞི་པ་ཅ་ན་གྱི་མཆོད་རྟེན།
བྱང་ཆུབ་སྙིང་པོ། མི་གནས་པའི་མྱང་འདས། སང་ས་རྒྱས་ཀྱི་གོ་འཕང་། ཉན་རང་པི བྱང་ཆུབ་སོགས་བྱང་ཆུབ་
ཐམས་ཅ་ད་ཀྱི་
མཆོག་ཡིན་པས་ན་བྱང་ཆུབ་སྙིང་པོ་ཞེས་བྱ་སྟེ། རྗེའི་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་
བཤད་
དངོས་གྲུབ་སྙེ་མ་ལས། སྙིང་པོ་ནི་བྱང་ཆུབ་རྣམས་ཀྱི་ད་མ་པ་དང་། ཞེས་གསུངས།
བྱང་ཆུབ་སྙིང་པོའི་གཞི། རྒྱ་གར་རྡོ་རྗེ་གདན།
བྱང་ཆུབ་གཞུང་ལ བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ཆུབ་གཞུང་ལམ་ནི། རྗེ་ཙོང་ཁ་
ཆེན་
པོས་མཛད།
བྱང་ཆུབ་ཤིང་། བདག་ཅག་གི་སྟོན་པ་སང་ས་རྒྱས་བཅོམ་ལྡན་འདས་རྒྱ་གར་རྡོ་རྗེ་གད་ན་དུ་ཐོག་མར་མངོན་པར་
རྫོགས་པར་སང་ས་རྒྱས་པའི་ཚུལ་
སྟོན་པའི་ཆེ་ཤིང་གང་ལ་སྐུ་རྒྱབ་གཏད་དེ་བཞུགས་པར་མཛད་པའི་ཤིང་
དེ་ལ་
བྱང་ཆུབ་ཤིང་ཟེར། འདི་ལ་ལེགས་སྦྱར་དུ། པིཔལ་ཟེར་། བྱང་ཆུབ་ཀྱི་ཤིང་ནི་པིསྤྲུལའི་ཤིང་ཡིན་
ཏེ།
ཞེས་ལུང་ཕྲན་ཚིགས་ཀྱི་འགྲེལ་པར་གསུང་ས། ཡང་། ཨཱ་ཤྭད་ཐ་ཞེས་ཀྱང་འབོད་པ་སྣང་སྟེ། རྗེ་ཙོང་
ཁ་པ་ཆེན་པོས་
ཐུབ་དབང་ལ་བསྟོད་པ་ལས། མཁས་པའི་སྐྱེས་བོས་བསྟེན་པའི་མ་ག་ཅྭཱ། མི་མཇེད་ཞིང་གི
་སྙིང་པོ་
རྡོ་རྗེའི་གད་ན། གང་དིར་ལེགས་སྤྱད་བརྒྱས་བསྐྱེད་བྱང་ཆུབ་ཤིང་། ཨཱ་ཤྭད་ཐ་ཞེས་གྲགས་པ་དེའི་
དྲུང་དུ། བྱམས་པའི་མཚོན་གྱིས་བདུད་སྡེའི་དབུང་བཅོམ་ནས། ཞེས་གསུངས་པ་ལྟར་རོ།
བྱང་ཆུབ་སེམས་འགྲེལ། ཚིག་བཅ་ད་ལྷུག་གཉིས་ཀ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད།
བྱང་ཆུབ་སེམས་དཔའ། བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེས་པའི་སློབ་པའི་གང་ཟག། སྒྲ་བཤད་ནི། བྱང་ཞེས་
པ་སྤངས་པ་
ཕུན་ཚོགས། ཆུབ་ཅེས་པ་རྟོགས་པ་ཕུན་ཚོགས་དང་། དེ་སེམས་པ་ལ་དཔའ་བས་ན་སེམས་
དཔའ་ཞེས་བྱའོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*