491
མོས་ཟིན་པ་ཡིན། ངར་མེད་ད་ང་ས་ཆ་ཡོད་པ་ནི། བྱིང་བ་འགྲིང་ནི་སླེབས་པ་ཡིན། དང་ས་པའང་མེད་
ན་བྱིང་བ་ཆེ།
ཞེས་གསུང་ས་པ་ལྟར་རོ། (2) ང་ར་ཆ་ཞུམ་ལ་གསལ་ཆ་མ་ཞུམ་པ་ནི། བྱིང་བ་ཕྲ་མོ།
གསལ་ཆ་ཞུམ་ལ་ང་ར་ཆ་མ་ཞུམ་པ་ནི། བྱིང་བ་འགྲིང་། གཉིས་ཀ་ཞུམ་པ་ནི། བྱིང་བ་རགས་པའོ་ཞེས་
མཁས་པ་
གཞན་དག་གསུང་ངོ་།
བྱིངས། (1) འབྱུང་གནས། དཔེར་ན་རྩྭ་ཀུ་ཤའི་བིུང་ས་ཞེས་པ་ལྟ་བུ། (2) མང་ཆེ་བའམ། ཕལ་ཆེ་བ། དཔེར་ན་
མི་
དམང་ས་བིུངས་ཞེས་པ་ལྟ་བུ། (8) སྒྲའི་བསྒྲུབ་གཞི།
བྱིན་གྱིས་ཕྲ་བ། རིམ་གྱིས་ཕྲ་རུ་སོང་བ། བགས་ཀྱིས་ཕྲ་བའང་ཟར། སོར་མོ་བྱིན་གྱིས་ཕྲ་བ་ཞེས་པ་ལྟ་བུ།
པྱིན་གྱིས་བརླ་བས། བྱིན་རླབས་དང་དོན་འདྲ། བྱིན་རླབས་ལ་གཟིགཟིགས།
བྱིན་ཆགས་པ། འདྲ་ཆགས་པོ། ཉམས་དོད་པ། བཀོད་པ་ལེགས་པ། གཟི་པྱིན་ནམ་གཟི་བརྗིད་དང་ལྡན་པ།
བྱིན་ཕྲོགས་ཀྱི་སྤང་པ། སྤང་ལྟུང་སུམ་ཅུའི་ཉེར་ལྔ་པ་ནི། རང་གི་ཡོ་བྱད་དགོ་སློང་གཞན་ལ་བྱིན་པ་སླར་ཡང་
འཕྲོགས་ཏེ་ཐོབ་པའོ།

བྱིན་ལེན་བྱ་ཚུལ། བསྙེན་པར་མ་རྫོགས་པ་དང་ཁྱིམ་པ་སོགས་ཀྱིས་གུས་པའི་སྤྱོད་ལམ་གྱིས་ཟས་གྱིན་དུ་འདེགས་
-ཤིང་བསམ་པ་ཐག་པ་ནས་སྦྱིན་པར་འདོད་པའི་བསམ་པས་ལག་པས་བསྟབས་པ་སྟེ་ཕུལ་བ། ལེན་པ་པོས་
ལག་གཉིས་བཀན་ཏེ་ལྷུང་བཟེད་ལ་སོགས་པར་བླང་ས་པའོ།
བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་། འབའ་ཞིག་པ་ད་གུ་བཅུའི་སོ་དབུ་པ་ནི། པྱིན་ལེན་བྱ་དགོས་པའི་སླན་
ལ་བྱིན་ལེན་མ་བྱས་པར་ལོང་ས་སྤྱོད་པའོ།
བྱིན་ཟ། (4) མེ། (8) མེ་ལྷའི་མིང་དུའང་བཤད།
པྱིན་རླ་བས། (1)གཟི་བྱིན་སྒྱུར་བའམ། ཤེས་རྒྱུད་ལས་རུང་དུ་བྱེད་པ། སྒྲ་བཤད་ནི། བིུན་ཞེས་པ་གཟི་བྱིན་
དང་།
རླབས་ཞེས་པ་སྒུར་བའི་དོན་ཡིན་པས། སྐྱབས་ཡུལ་གྱི་གཟི་བྱིན་གྱིས་གདུལ་བྱའི་ཤེས་རྒྱུད་སྒྱུར་
བའ
མ་ལས་རུང་དུ་བྱེད་པའི་དོན་ཡིན། (8) བྱིན་གྱིས་བརླབས་པའི་རྫས།
བྱིའུ་ཟུལ། བྱེའུ་ཟུལ་དང་འདྲ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*