493
ལེ་དེ་ལྟེ་བར་སླེབ་པ་ན་དགའ་བ། སྙིང་གར་སླེབ་པ་ན་མཆོག་དགའ། མགྲིན་པར་སླེབ་པ་ན་ཁྱད་དགའ།
གཅུག་ཏོར་དུ་སླེབ་པ་ན་ལྷན་སྐྱེས་ཀྱི་དགའ་བ་སྟེ་ཤིན་ཏུ་རྣལ་འབྱོར་བསྒོམ་པའི་ཆེད་དུ་ཡིན་ནོ། རྗེའི་
གསུང་ལ་གཞི་བྱས།
༿ བྱེད་པ་ནི་མིག་ལ་སོགས་པའི་དབང་པོ་ལྔ་སྟེ། འཆིང་ཚུལ་ནི། དེ་རྣམས་རང་གི་
ཡུལ་ལ་འཇུག་པ་ལོག་པ་སྟེ། མི་འཇུག་པར་བྱེད་པ་ཡིན་ལ། དེ་ཡང་སྟེང་དུ་སྲོག་གི་རླུང་ད་ང་། འོག་ཏུ་
ཐུར་སེལ་
བཅིངས་པའི་སྒོ་ནས་བཞོན་པའི་རླུང་བཅིངས་ནས་འཆིང་བ་ཡིན་ལ། རླུང་འཆིང་ཚུལ་ནི་རོ་
རྐྱང་ལ་
རྒྱུ་བ་བཀག་ནས། དབུ་མར་འཛུད་པ་ཨིན་ནོ། ཞེས་གསུང་ས།
བྱེད་པ་འཆིང་བ། བྱེད་པ་བཅིང་ས་པ་དང་འདྲ། བྱེད་པ་བཅིངས་པ་ལ་གཟིགས།
བྱེ་མའི་བུམ་པ། བྱེ་མས་ཡོངས་སུ་བཀང་བའི་བུམ་པ།
བྱེད་པའི་བྲང་། པཀ་ར་ཎྱ་པཱ་ཌ་ཀོྃ» ལྷོ་ཕྱོགས་རྒྱ་མཚོའི་གླིང་ཕྲན་སྨན་མང་པོ་སྐྱེ་བ་ཞིག་ཡོད་པ་ལ་བཞེད་དོ།
བྱེའུ་ཟུལ། ཆུ་ལ་རྩེ་བའི་མིང་། བྱེའུས་ཆུ་ལ་རྩེ་བ་ལྟར། ཆུའི་གཏིང་དུ་འཇུག་པ། སྟེང་དུ་འབྱུང་བ། ཐག་རིང་དུ་
འགྲོ་བ།
སྟེང་དུ་མཆོང་བ། རྒྱུག་པ་ལ་སོགས་པའི་རྩེ་བའོ།
བྱོལ་ (1) གཡོས་པ། བྲོས་པ། དཔེར་ན་བྲོས་ནས་འགྲོ་བ་ལ་བྱོལ་སོང་ཟེར་བ་ལྟ་བུ། (2) གཏོད་པ། དཔེར་ན་
རྣ་བ་
བྱོལ་བ་ཞེས་པ་ལྟ་བུ་སྟེ། ལུང་ཕྲན་ཆེགས་ཀྱི་འགྲེལ་པ་ལས། རྣ་བ་བྱོལ་ཏེ་ཞེས་བྱ་བ་ནི་སྒྲ་དེ་མཉན་
པ་ལ་རྣ་བ་དང་སེམས་དག་རྣམ་པར་གཏོད་པའོ།
ཞེས་གསུངས་པ་ལྟར་རོ།
བྱོལ་སོང་། དུད་འགྲོ། སྒྲ་བཤད་ནི། མི་ལ་འགྲོགས་ཏེ་བྱོལ་བ་སྟེ་བྲོས་ནས་འགྲོ་བས་དེ་སྐད་ཅེས་བྱ།
བྲ་ཏི་དགེ་བཤེས། བྲ་ཏི་སུམ་འགྲེལ་མཛད་མཁན་གྱི་མཁས་མཆོག་བྲ་ཏི་རིན་ཆེན་གྲུབ་ཀྱི་མཆན། བྲ་ཏི་དགེ་
བཤེས་རིན་
ཆེན་གྲུབ་ལ་མཆན་གཞན། བྲ་ཏི་འཇམ་ད་བྱངས་ད་ཀར་པོ་ཞེས་ཡོང་ས་ཀྱི་ད་བེ་བའི་བཤེས་
གཉེན་
ཆེན་པོ་མཆན་བརྗོད་པར་དཀའ་བ་སེར་བྱེས་ཏྲེ་ཧོར་མཁན་ཟུར་རིན་པོ་ཆེ་བློ་བཟང་དབང་ཕྱུག་
མཆོག་གིས་
ལོ་རྒྱུས་དང་བཅ་ས་ཏེ་གསུང་ས་པ་ད་ལྟ་ཡང་ལྷང་ངེར་དྲ་ན།
བྲ་སྟི་དགེ་བཤེས། བྲ་ཏི་དགེ་བཤེས་ད་ང་འདྲ། དཔེ་ཁ་ཅིག་ཏུ་བྲ་སྟི་དགེ་བཤེས་ཞེས་གྲིས་པའང་སྣང་།
བྲང་ཁང་། རྒྱུན་པར་སྡོད་སའི་མིང་ཡིན་པར་བ་ཤད། ཁྱིམ།
བྲང་ཆིང་ས། ནུ་ཁེབས། ནུ་ཤུབས།
བྲམ་ཟེ། ངབྲམཎ» ལེགས་སྦྱར་གྱི་བྲཏྨཎ་ཞེས་པ་ལས་མཆེད་དོ། བྲམ་ཟེའི་རིགས་དང་འདྲ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*