495
བླ་ཐབས་སུ་བསྣན་པ། ཕྱིས་གསར་དུ་འམ་འཕྲལ་དུ་སྣོན་པ་བརྒྱབ་པ་ལ་ཟེར། དཔེར་ན། བཅོམ་ལྡན་འདས་ཀྱི་
སྐ
ད་དོད། བྷ་ག་ཝན་ཞེས་པ་འཇིག་རྟེན་པའི་ལྷ་ལའང་འཇུག་པས། དེ་ལས་ཁྱད་པར་དུ་འབྱེད་པའི་ཕྱིར།
སྐད་དོད་ལ་འདས་པ་མེད་ཀྱང་། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས། འདས་ཞེས་བླ་ཐབས་སུ་བསྣན་ནས་བཅོམ་
ལྡན་འདས་སུ་
བསྐྱུར་ཏོ། ཞེས་པ་ལྟ་བུའོ།
བླ་དགས། (4) མིང་གི་རྣམ་གྲང་ས། (2) ལ་དགས་ཀྱི་འགྲི་ཚུལ་གཞན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་
དེབ་ཐེར་དཀར་པོར་ལ་དགས་ཀྱི་ཆབ་ཏུ་བླ་དགས་ཞེས་བྲིས་འདུག
བླ་ནས་བླར། གོང་ནས་གོང་དུ།
བླ་ན་མེད་པའི་མཆོད་པ། བྱང་ཆུབ་སེམས་དཔའ་ལ་སོགས་པ་མཐུ་ཆེན་རྣམས་ཀྱིས་བཟང་ད་གུ་སྤྲུལ་པའི་
མཆོད་པ་ལ་ཟེར།
དེ་ནི་བཟང་སྤྱོད་དུ། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། དེ་དག་རྒྱལ་བ་ཐམས་
ཅད་ལ་ཡང་མོས།
ཞེས་སོགས་ཀྱི་ཚིགས་བཅ་ད་གཅིག་གིས་བསྟན།
བླ་ན་ཡོད་པའི་མཆོད་པ། འཇིག་རྟེན་པའི་མཆོད་པ་སྟེ་མཆོད་པ་ཕལ་པ་ལ་ཟེར། དེ་ནི་བཟང་སྤྱོད་ལས། མེ་
ཏོག་དམ་པ་ཕྲེང་བ་དམ་པ་དང་།
ཞེས་པ་ནས། རྒྱལ་བ་དེ་དག་ལ་ནི་མཆོད་པར་བ་གྱི། ཞེས་སོགས་ཀྱི་
ཚིགས་བཅད་གཉིས་
ཀྱིས་བསྟན།
བླ་བྲེ། བླ་མ་སོགས་ཀྱི་བཞུགས་ཁྲིའི་སྟེང་བི་མཁའ་དཔྱིངས་སུ་འདོགས་རྒྱུའི་མཆོད་རྫས་ཀྱི་ཡོལ་བ་ཞིག། སྒྲ་བཤད་
ནི།
བླ་ནི་སྟེང་། བྲེ་ནི་འདོགས་པའི་དོན་ཡིན།
བླ་མེད་བུམ་རྗས་ཉེར་ལྔ། སྟག་འཆེར་པའམ་ཀཎྜ་ཀ་རི། གཞན་གྱིས་མི་ཐུབ་པ། ད་བྱུག་པའི་ཨུཏྤལ། དབང་
ལག་སྟེ་སྨན་ལྔའོ།
གསེར་དངུལ་མུ་ཏིག་བྱུ་རུ་གཡུ་འམ་མུ་མེན་ཏེ་རིན་པོ་ཆེ་ལྔ། ཏིལ་ལན་ཚུ་མར་བུ་
རམ་སྦྲང་རྩི་སྟེ་སྙ
ིང་པོ་ལྔའོ། ནས་འབྲས་གྲོ་སྲན་མ་སོ་བ་སྟེ་འབྲུ་ལྔའོ། ཙན་དན་དཀར་དམར་ག་བུར་
གུར་
བུམ་གླ་རྩི་སྟེ་དྲི་ལྔ་བླ་མེད་བུམ་རྗས་ཉེར་ལྔའོ། ཁ་ཅིག་དེའི་སྟེང་དུ་ནང་གི་བདུད་རྩི་ལྔའི་དོད་བསྣན་
པའང་ཡོད།
བླ་མ། (4) སློབ་དཔོན། དབེ་བའི་བཤེས་གཉེན། (2)སྒྲུབ་པས་མཉེས་ཀྱི་ཟང་ཟིང་ལ་ཅུང་ཟད་ཙ་མ་ལའང་མི་ལྟ་
བ་ཞིག་ལ་བླ་མ་ཟེར་བ་ཡིན། དེ་ལས་ལྡོག་པས་རྣམ་གྲོལ་སྒྲུབ་པའི་བླ་མ་མི་འོང་གསུང་ངོ་། ཞེས་ཤ་ར་
བའི་གསུང་སྒྲོས་
ལམ་རིམ་དུ་དྲངས་པ་ལྟར་རོ། (8) གོང་མ། དགེ་ལུགས གང་ཟག་བླ་མ། སྣང་བ་བླ་མ།
བདེ་སྟོང་བླ་མ་དང་གསུམ་། བདེ་བ་ཆེན་པོས་ཞི་མཐའ་ལས་འཛིན་ཅིང་། སྟོང་པས་སིུད་མཐའ་ལས་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*