499
རྨོང་ས་པའི་དབང་བིས་བསྟེན་ཚུལ་ཉེས་ནའང་། འགྱོད་སེམས་དྲག་པོས་བླ་མ་ཞལ་བཞུགས་ཡོད་ན་དེའི་
སྐུ་
མདུན་ད་ང་མེད་ཀྱང་བླ་མའི་སྐུའི་ན་བཟའ་ཚུན་ཆད་ཀྱི་དྲུང་དུ་བཤགས་སྡོམ་ལ་འབད་ན་ད་ལྟ་ཡང་ཕྱིས་
དྲགས་
མེད་པས། སེམས་ད་ང་ལྡན་པ་དག་གནས་འདི་ལ་ཤིན་ཏུ་གཟབ་པར་བྱའོ།
བླ་མར་བྱེད། རིམ་གྲོར་བྱད། མཆོད་པར་བྱེད། རྗེད་པར་བྱེད་། བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་
ལས།
བླ་མར་པྱེད་པ་ནི་བུས་པས་སོ། རིམ་གྲོར་བྱེད་པ་ནི་དད་པར་བྱེད་པ། མཆོད་པར་པྱེད་པ་ནི་ཕྱག་
དང་ཐལ་མོ་སྦྱར་བ་དང་བསྟོད་པ་ལ་སོགས་པ་རྣམས་ཀྱིས་སོ།
རྗེད་པར་བྱེད་པ་ནི་གཡས་ཀྱིས་བསྐོར་བ་
རྣམས་ཀྱིས་ས་སོ།
ཞེས་གསུངས།
བླ་མར་བྱེད་པ། ༿ སེམས་ཀྱིས་བླ་མར་འཛིན་པའི་སྒོ་ནས་བཀུར་སྟི་བྱེད་པ། བསྟན་དར་ལྷ་ར་མས་པ་གསུང་།
༿ ཡང་ན། བླ་མ་ནི་གོང་མའི་དོན་ཡིན་པས། གོང་དུ་བཀུར་བ། གུས་ཞབས་བྱེད་པ། བརྒྱད་སྟོང་པའི་
འགྲེལ་པ་གནད་ཀྱི་ཟླ་
འོད་ལས། བླ་མར་བྱེད་པ་ནི་གུས་པས་ས་སོ། ཞེས་གསུང་ས།
བླ་མར་བྱས། ༿ བླ་མར་བྱེད་པ་དང་འདྲ། ༿ ལུང་འབོགས་པའི་སྒོ་ནས་བླ་མའི་གནས་སུ་གྱུར་པ།
བླ་མེད་ཀྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ད་ང་དོན་གཅིག། དེ་ནི་ཕྱིའི་བྱ་བ་ལ་མི་ལྟོས་པར་ནང་གི་རྣལ་
འབྱོར་ཁོ་ན་
གཙོ་བོར་བྱེད་ཅིང་། བསྒོམ་པའི་ལྷ་མོ་ད་ང་བལྟ་གོད་སོགས་ཀྱི་ཆགས་པ་ལམ་བྱེད་ནུས་པར་མ་
ཟད།
དངོས་ཀྱི་ཕྱག་རྒྱ་དང་དབང་པོ་གཉིས་སྦྱོར་གྱི་བདེ་བ་ལམ་བྱེད་ནུས་པའི་གདུལ་བྱ་ལ་དེ་ལྟ་བུའི་
ཆགས་པ་
ལམ་བྱེད་སྟོན་པ་དང་། རྣལ་འབྱོར་དེ་ལས་གོང་ན་མེད་པས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཅེས་
བྱའོ།
བླ་སྲོག་ཆེ་གསུམ། མར་མེ་ལྟ་བུར་སྦྱར་ན། བླ་ནི་སྣུམ་དང་། སྲོག་སྡོང་བུ། ཚེ་མར་མེའི་འོད་ལྟ་བུའི་ཚུལ་གྱིས་
གནས་སོ།
ཡང་གཞན་དུ། ཆེ་སྣུམ། སྲོག་སྡོང་བུ། བླ་མར་མེའི་མེ་ལྕེ་ཟེར་བའང་སྣང་ཡང་། བླ་ནི་སྲོག་
གི་རྟེན་དུ་
གསུངས་པས་སྣུམ་དང་དཔེ་དོན་སྦྱར་ན་ལེགས་པར་སེམས།
བླའི་གྲྭ། རྒྱལ་པོས་བརྐོས་པའི་ལས་བྱེད་པའི་གྲྭ་སྟ བློན་པོའི་ཚོགས་ས་སོ། བསྟན་ད་ར་ལྷ་ར་མས་པ་གསུང་། གྲྭ་ནི་
འདིར་སྡེ་ཚན་ནམ་ཚོགས་པའི་མིང་ངོ་།
བླུགས་གཟར། སྦྱིན་སྲེག་སྐབས་མར་ཁུ་བླུག་བྱེད་ཀྱི་གཟར་བུ་ཡུ་བ་རིང་པོ།
བློ། (4) རིག་པ། ཤེས་པ། (2) བློ་གྲོས།
བློ་གྲོས། (1) ཤེས་རབ། (2)


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*