504
གཅུས་པ་ལྟ་བུ་རྣ་བའི་ནང་ན་གནས་པའོ། སྣའི་དབང་པོ་ནི་དྲིལ་བུའི་ནང་གི་ལྕེ་ལྟ་བུའོ། ལྕེའི་དབང་པོ་ནི་
ཟླ་བ་ཕྱེད་པ་ལྟ་བུའོ།
ལུས་ཀྱི་དབང་པོ་ནི་ལུས་ལྟ་བུར་གནས་ས་སོ། ཞེས་རྒྱ་གར་གྱི་སློབ་དཔོན་ཨ་བྷ་ཡ་ཀ་
རས་
གསུང་ས། ༿ མིག་གི་དབང་པོ་ནི་མིག་གི་རྟེན་གྱི་འབྲས་བུའི་ནང་ན་རྒུན་འབྲུམ་གྱི་འབྲས་བུའི་ཆད་
ཙ་མ།
ཟི་རའི་མེ་ཏོག་ལྟ་བུ་ལྟར་མེད་པ་པགས་པ་དངས་བ་གཡོགས་པ་དང་བར་ན་གནས་པའོ། རྣ་བའི་
དབང་པོའི་རྡུལ་ཕྲ་རབ་ནི་གྲོ་
གའི་མདུད་པ་ལྟ་བུར་གནས་སོ། སྣའི་དབང་པོའི་རྡུལ་ཕྲ་རབ་ནི་མཚུལ་པའི་
ནང་ལྟག་ཁུང་གི་ཐད་ཀ་ན་མིག་སྨན་
གྱི་ཐུར་མ་གཤིབས་པ་ལྟར་གནས། ལྕེའི་དབང་པོ་ནི་ཟླ་བ་ཁམ་པ་ལྟར་
གནས།
ལུས་ཀྱི་ད་བང་པོ་ནི་ལུས་བཞིན་དུ་གནས་སོ། ཞེས་ཕུང་པོ་ལྔའི་རབ་བྱེད་ལས་གསུངས། (2) བྱང་
ཕྱོགས་སྡེ་
ཆན་བདུན་གྱི་བཞི་པ་དབང་པོ་ལྔ་ནི། དད་པའི་དབང་པོ། བདེན་བཞི་ལ་ཡིད་ཆེས་པའི་དད་པ
བརྩོན་འགྲུས་ཀྱི་དབང་པོ། [བླང་དོར་བྱེད་པར་སྤྲོ་བའི་བརྫོན་འགྲུས དྲ་ན་པའི་དབང་པོ། དམིགས་རྣམ་མ་
བརྔེད་པའི་དྲན་པ ཏིང་ངེ་འཛིན་གྱི་དབང་པོ། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན ཤེས་རབ་ཀྱི་དབང་
པོ་དང་ལྔའོ།
བདེན་པའི་གནས་ལུགས་འབྱེད་པའི་ཤེས་རབ་རྣམས་སོ། བྱང་ཕྱོགས་སྡེ་ཚན་བདུན་གྱི་དབང་པོ་ནི།
འཕགས་ལམ་སྐྱེད་པ་ལ་རང་དབང་དང་ལྡན་པའི་མཁྱེན་པ་ལ་ཟེར། སྒྲ་བཤད་ནི། འཕགས་ལམ་སྐྱེད་པ་
ལ་
རང་དབང་དང་ལྡན་པས་ན་དབང་པོའོ། དབང་སྟོབས་གཉིས་ཀྱི་ཁྱད་པར་ནི། རྣམ་བྱང་གི་དབང་པོ་དེ་
མ་དད་པ་དང་། ལེ་ལོ། བརྗེད་ངས། རྣམ་གཡེང་། ཤེས་བཞིན་མ་ཡིན་པ་རྣམས་སྐབས་སྐབས་སུ་འབྱུང་
བས་ནི་མཐུན་ཕྱོགས་ཀྱིས་ཛི་བའི་ཕྱིར་ནུས་པ་ཆུང་ལ། སྟོབས་ནི་མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་
པའི་ཕྱིར་ར་རོ།

དབང་པོ་ཉེར་གཉིས། [མཛོད དབང་པོ་ཉེར་གཉིས་ནི། མདོ་ལས། མིག་པི་དབང་པོ། རྣ་བའི་དབང་པོ། སྣའི་
དབང་པོ།
ལྕེའི་དབང་པོ། ལུས་ཀྱི་དབང་པོ། ཡིད་ཀྱི་དབང་པོ། མོའི་དབང་པོ། པོའི་ད་བང་པོ། སྲོག་གི་
དབང་པོ།
བདེ་བའི་དབང་པོ། སྡུག་བསྔལ་གྱི་དབང་པོ། ཡིད་བདེ་བའི་དབང་པོ། ཡིད་མི་བདེའི་དབང་པོ།
བཏང་སྙོམས་ཀྱི་དབང་པོ། དད་པའི་དགང་པོ། བརྩོན་འགྲུས་ཀྱི་དབང་པོ། དྲན་པའི་དབང་པོ། ཏིང་ངེ་
འཛིན་གྱི་དབང་པོ།
ཤེས་རབ་ཀྱི་དབང་པོ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་ད་བང་པོ། ཀུན་ཤེས་པའི་
དབང་པོ།
ཀུན་ཤེས་ད་ང་ལྡན་པའི་དབང་པོ་སྟེ་ཉེར་གཉིས་སོ། ཞེས་གསུངས་པ་ལྟར་རོ།
དབང་པོའི་བོ་སྡོམ་པ། མདོ (4) ཆགས་སྡང་སྐྱེ་བའི་ཡུལ་ལ་མིག་གིས་མི་བལྟ་བ་དང་། རྣ་བས་མི་མཉན་པ་
སོགས་
ལ་ཟེར། སྔགས (2) བདེ་སྟོང་གི་ཏིང་ངེ་འཛིན་བརྟན་པོ་བསྐྱེད་པའི་སྒོ་ནས་ཐ་མལ་གྱི་ཡིད་བྱེད་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*