5 [ 7
འབྲི་གུང་བཀའ་བརྦུད། དགས་པ་བཀའ་བརྒྱུད་ཀྱི་ནང་གསེས་ཤིག་སྟ། སྐྱོབ་པ་འཇིག་རྟེན་མགོན་པོ་ལས་བརྒྱུད་
པའི་བཀའ་
བརྒྱུད་པའི་གྲུབ་མཐའ་ཞིག
འབྲུ་མར། ཏིལ་ལ་སོགས་པའི་འབྲུའི་རིགས་སམ། དེ་དག་ལས་བྱུང་བའི་སྣུམ།
འབྲུ་གསུམ་གྱིས་མཆོད་། སྐུ་རྡོ་ཇེ་གསུང་རྡོ་རྗེ་ཐུགས་རྡོ་རྗེའི་ངོ་བོ་ཨོ་ཨཱ ཧྲུ་གི་ཡིག་འབྲུ་གསུམ་ངག་ནས་བརྗོད་
ཅིང་
རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས་ཏེ་མཆོད། ཅེས་པའི་དོན་ནོ།
འབྲུ་མར་ཚ་བ། ཡུངས་ཀར།
འབྲུག བོད་ཀྱི་ངག་རྒྱུན་དུ་ཡོད་པའི་སྲོག་ཆགས་ཡ་མཆན་ཞིག། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་སྲིད་དོན་རྒྱལ་
རབས་ནང་། འབྲུག་ཅེས་བྲིས་ཆའི་ནང་ཡོད་པའི་སེམས་ཅན་དེའི་སྐོར་ལ། བྱང་གནམ་མཚོ་ཁ་པ་དང་།
བྱ་དོ་དགོན་གྱི་བླ་གྲྭ། གནམ་རུ་ཁུལ་གྱི་འབྲོག་པ་མང་པོ་བཅས་ཀྱིས་དབྱར་དུས་གནམ་མཚོ་ཕྱུག་མོའི་ནང་
ས་སྨུག་པ་དང་མཉམ་དུ་འབྲུག་ནམ་མཁར་འགྲོ་ཚུལ་དང་། སྐབས་རེ་རྒྱང་རིང་པོའི་སྤྲིན་གསེབ་ནས་
འབྲུག་བི་མཇུག་མ་ཁྲ་ཤར་ཤར་བ་སྣར་ཏེ་བསྒུལ་བའི་ཆེ་ཆར་རླུང་འདྲེས་མ་རྒྱག་ཚུལ་མཐོང་མོང་མང་
པོ
ས་རྩེ་མཐུན་བརྗོད་རྐྱེན་དེ་སྐོར་ད་དུང་ཞིབ་རྩད་བྱེད་མུས། ཉེ་དུས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཐེག་
མཆོག་བསྟན་པའི་རྒྱལ་མཚན་ལ་
བཀའ་འདྲི་ཞུས་པར། རྫ་སྟོད་ཁུལ་ལ་རྒྱང་རིང་པོར་སྨུག་པ་དང་མཉམ་
དུ་
འབྲུག་གཅིག་ས་ལ་བབས་པ་ད་ང་། གཅིག་ནམ་མཁར་འགྲོ་བ་དུས་གཅིག་ལ་གཟིགས་མོང་བ་མ་ཟད།
རིན་པོ་ཆེ་རང་གི་
ཡབ་དེས་དབྱར་ཐན་པ་ཆེ་སྐབས་ཤིག་ཁྱིམ་གྱི་ཆུ་གསོག་ཟངས་ཆེན་ནང་འབྲུག་ཆུང་མཐེ་
བོང་
ཙ་མ་ཞིག་བསྡད་པ་གཟིགས་ཤིང་། དེ་འབྱུང་བ་དང་འཐབ་སྟེ་སྐད་ཅིག་ལ་འུར་སྒྲ་དང་བཅ་ས་ནམ་
མཁར་འཕགས་
འགྲོ་བ་གཟིགས་པ་རེད་ཅེས་དང་། དེས་མ་ཆད་རིན་པོ་ཆེའི་ཡབ་ལ་འཇུ་མི་ཕམ་རིན་པོ་
ཆེས་ཀྱང་།
རྒྱུགས་ཆུ་ཚུང་ཆུང་ཞིག་ནང་། དེང་དུས་རི་མོ་གྲིས་པ་ལྟར་གྱི་བཟོ་དབྱིབས་ཀུན་ཆང་བ་ལ་ཆེ་
ཆུང་
ཚོན་གང་ཙམ་བྱས་པའི་འབྲུག་གཅིག་བསྡད་འདུག་པ། དེར་ཉིན་མོ་བྱིས་པ་ད་ག་པིས་གནོད་པ་བྱས་
དོགས་
སྲུང་སྐྱོབས་གནང་སྟེ་ཆུ་ཁ་རང་ལ་བཞུགས་པ་དགོང་མཆམས་ཁོ་གཟུགས་ལྡབ་གཅིག་ཙ་མ་ཆེ་རུ་
ཕྱིན་འདུག། མཆན་མོ་འུར་སྒྲ་དང་བཅས་གནམ་མཁར་ཕྱིན་པའི་ལོ་རྒྱུས་གསུང་ས་འདུག། འབྲུག་ནི་
འབྱུང་བའི་རང་བཞིན་ཞིག་ལ་བརྟེན་ཆེ་ཆུང་སྐད་ཅིག་མ་གཅིག་ལ་སྤྲུལ་འགྱུར་ཐུབ་པ་ཡིན་ཚོད་འདུག།
ཅེསང་རང་ལ་ད་ངོས་སུ་གསུང་ས་བྱུང་བ། དེ་ལྟའི་སྲོག་ཆགས་ཁྱད་མ་ཆར་དག་རང་རེའི་ཡུལ་དུ་ཡོད་པ་
ནི་ཧ་
ཅུ་ང་གི་ངོ་མཆར་བའི་ལོ་རྒྱུས་འདུག་པས་ད་དུང་ཞིབ་འཇུག་ངེས་པར་དགོས་སམ་སྙམ། ཞེས་གསལ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*