5 19
འབྲེལ་སྒྲ། བརྡ་སྤྲོད འབྲེལ་གཞི་དང་འབྲེལ་ཆོས་ཀྱི་འབྲེལ་བ་གསལ་བར་སྟོན་པའི་ཕྲད་གཞན་དབང་ཅ་ན་ཞིག་སྟེ།
གི་ཀྱི་གྱི་འི་ཡི་སྟེ་ཕྲད་ལྔའོ། (4) འབྲེལ་གཞི་སྟོན་པའི་སྒྲ་ལ་འཇུག་པ། དཔེར་ན། ཤིང་སྡོང་པི་ཡལ་ག་ལྟ་
བུ།
ང་ཡི་ཆོས་གོས། ལྟ་བུ། (2) མི་མཐུན་པའི་རྒྱན་ལ་འཇུག་པ། དཔེར་ན། ས་སྐྱ་ལེགས་བཤད་ལས།
ཤེས་རབ་ལྡན་པས་ཉེས་པ་དག སེལ་བར་ནུས་ཀྱི་བླུན་པོས་མིན། ནམ་མཁའ་ལྡིང་བིས་དུག་ཅུ་ན་སྦྲུལ།
བསད་པར་ནུས་ཀྱི་ཁྱ་ཏས་མིན། ལྟ་བུ།
རྦད་རྦད་གཅོད། ཐག་རྦད་ཀྱིས་གཅོད་པ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཕྱག་ཆེན་ཁྲིད་ཡིག་ལས། ཡང་ན་རལ་
སྐོར་མཁན་བཞིན་དུ།
རྣམ་རྟོག་ཅི་སྐྱེས་རྦད་རྦད་གཅོད། ཅེས་གསུང་ས་པ་ལྟ་བུ།
རྦོད་གཏོང་། དམོད་མོ་རྒྱག་པ། མཐུ་དང་ངན་སྔགས་གཏོང་བ།
ལྦུ་བ། དབུ་བ་དང་དོན་འདྲ།
སྦང་མ། སྦྱར་བའི་ཆང་བི་སྙིགས་མ།
སྤར་བ། (4) མེ་སོགས་འབར་བར་བྱེད་པ། (2) རྒྱས་པའམ་སྤེལ་བའམ་འཕེལ་བའི་དོན་ལ་འཇུག་པ་ནི། དཔེར་
ན་ནང་
མཆོད་པྱིན་རླབས་སྐབས་མང་པོར་སྦར་ཞིང་སྤེལ་བར་གྱུར། ཅེས་པ་ལྟ་བུའོ།
སྦས་དོན་ཀུན་གསལ། བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ཞེས་བྱ་བ།
རྗེ་ཅོང་ཁ་པ་ཆེན་པོས་མཛད།
སྤས་དོན་གྱི་འོད་གསལ། བཀའ་བརྒྱུད སྔགས་བླ་མེད་ནས་གསུང་ས་པའི་འོད་གསལ།
པུ་གུ། དཔྱིབས་རིང་ལ་ཁོག་སྟོང་གི་མིང་། སྨྱུག་མའི་སྤུ་གུ་དང་། འོད་ཀྱི་སྦུ་གུ་ཞེས་པ་ལྟ་བུ།
པུན་པ་འཕྱར་བ་བ་བཞིན། སྦུན་པ་ལོ་བརྒྱར་ཕྱར་ཡང་སྙིང་པོ་ལེན་རྒྱུ་མེད་པ་དང་འདྲ་བའི་དཔེ།
སྦེད་པའི་ལྟུང་བྱེད། འབའ་ཞིག་དགུ་བཅུའི་རེ་བདུན་པ། ཆོས་འདི་པའི་རབ་བྱུང་གི་འཚོ་བའི་ཡོ་བྱད་སྦེད་དམ་
སྦེད་དུ་བཅུག་པའོ།

སྤྱང་།
འབྲུ་སོགས་འཇོག་སའི་སྒོ་དང་སྐར་ཁུང་མེད་པའི་མཛོད་ཁང་། ལུང་གཞིའི་འགྲེལ་པ་ལ་གཞི་བྱས། དཔེར་
ན།
མཛོད་ལས། ཏིལ་སྦྱང་ནས་ནི་ལོ་བརྒྱ་ཞིང་། ཞེས་གསུངས་པ་ལྟར་རོ།
སྦྱང་ (4)སློབ་པ། ཡོན་ཏན་སྦྱང་བ་ལྟ་བུ། (2)སྐྱོན་འདག་པར་པྱེད་པ། དྲི་མ་སྦྱང་ལྟ་བུ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*