525
བསད་དེ་ཨང་ག་དང་དེའི་གྲོང་ཁྱེར་གཙོ་བོ་ཙམ་པ་ཡང་དེའི་མངའ་འོག་ཏུ་བསྡུས་ཚུལ་བཤད་པ་དེ་གའི་
ཤུགས་ཀྱིས་ཨང་ག་དང་མ་ག་ཅྭཱ་གཉིས་ཐ་དད་ཡིན་པ་ཤེས་ནུས་སོ།
མ་གུས་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་དོན་བརྒྱད་པ། སང་ས་རྒྱས་སམ་དགེ་འདུན་ནམ་དགེ་སློང་ཞལ་
ཏ་བྱེད་པས་རང་ལ་ཆོས་ལྡན་གྱིས་བསྒོ་བའི་ལན་ལ་ཤད་སྦྱང་མེད་པར་འགལ་བར་བྱེད་པའོ།

མ་རྦུད། འོད་གསལ་གཙོ་བོར་སྟོན་པའི་རྒྱུད་ལ་མ་རྒྱུད་ཟེར། ཞིབ་ཏུ་བ་ཤད་ན། འོད་གསལ་འཆར་བའི་གནས་
སྙིང་གར་རླུང་རིམ་གྱིས་སྡུད་པའི་རིམ་པ་ལས་ལུགས་འབྱུང་གི་སྟོང་བཞི་དང་། དེ་ནས་ཕྱིར་ལ་ལྡང་བའི་
རིམ་པ་
ལས་ལུགས་ལྡོག་གི་སྡོང་པ་བཞིའི་སྒོ་ནས་སྟོང་པའི་ཡེ་ཤེས་སྐྱེ་ཚུལ་དང་། འོད་གསལ་གྱི་རླུང་འོད་
ཟེར་ལྔ་
ལས་ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་ཚུལ་གཅོ་བོར་སྟོན་པ་ནི་རྣལ་འབྱོར་ཕའི་རྒྱུད་ཅེས་བྱ་སྟེ། དེ་ནི་སྟོང་
པའི་
ཡེ་ཤེས་དང་རླུང་ལས་བསྒྲུབས་པའི་སྐུ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཡང་ཡིན་ལ།
གཙོ་བོར་གཟུགས་ཀྱི་སྐུ་སྒྲུབ་བྱེད་སྣང་ཕྱོགས་ཐབས་ཀྱི་ཆ་ཡིན་པས་ཕ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། རྗེའི་
རིམ་ལྔ་གསལ་
སྒྲོན་ལས་གསུངས། མཚན་གཞི་ནི། བདེ་མཆོག ཀྱཻ་རྡོར། དུས་འཁོར་ཡིན་ལྟ་བུའོ།
མ་བསྒྲལ་བ་ནམས་ཞེས་སོགས་ཀྱི་དོན། (4) ཉོན་མོངས་ལས་མ་བསྒྲལ་བ་རྣམས་སྒྲོལ་བ། ཤེས་སྒྲིབ་ལས་མ་
བསྒྲལ་བ་རྣམས་བསྒྲལ་བ།
ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་གྱི་དབུགས་མ་ཕྱིན་པ་རྣམས་
དབུག
ས་དབྱུང་བ། ཞེས་སྦྱོར། འདི་མན་སྙེ་དང་རྡོ་རྗེ་མཁའ་འགྲོའི་རྣམ་བཤ་ད་གཉིས་ཀའི་དགོང་ས་
པའོ།
རྗེའི་གསུང་གསང་འདུས་དཀའ་གནད་ཟིན་བྲིས་ལས་ཀྱང་དེ་བཞིན་དུ་གསུངས། (2) ཡང་ན། རྗེ་
སྒམ་པོ་བས།
ངན་སོང་གི་སྡུག་བསྔལ་ལས་མ་བསྒྲལ་བ་རྣམས་དེ་ལས་བསྒྲལ་བ་དང་། ཉོན་མོངས་པའི་
འཆིང་བའི་
ལྕགས་སྒྲོག་ལྟ་བུ་ལས་མ་གྲོལ་བ་རྣམས་དེ་ལས་གྲོལ་བ་དང་། ཉན་རང་ཐེག་པ་ཆེན་པོར་
དབུགས་མ་ཕྱིན་པ་ཐེག་པ་ཆེན་པོར་དབུགས་དབྱུང་བ་དང་། བྱང་ཆུབ་སེམས་དཔའ་ཡོངས་སུ་མ་ང་ན་
ལས་མ་འདས་པ་རྣམས་ཡོངས་སུ་མྱ་ང་ན་ལས་འདའ་བར་
བགྱའོ། ཞེས་པའི་དོན་དུ་གསུང་ས་སོ།
མ་ཆགས་པ། དགེ་བ་བཅ་གཅིག་གི་བཞི་པ་ནི། སྲིད་པའི་ཡོ་བྱད་ལ་དམིགས་ནས་དེ་ལ་ཆགས་པའི་དངོས་ཀྱི་
གཉེན་པོ་བྱེད་ཅིང་།
དེ་ལ་ཡིད་འབྱུང་ནས་མ་ཆགས་ཤིང་། མི་ལེན་པའི་རབ་ཏུ་ཕྱེ་བའི་སེམས་བྱུང་ང་ངོ་།
མ་ཆགས་པ་ཞེས་པས། ཐེག་པ་ཆེ་ཆུང་དང་སྐྱེས་བུ་གསུམ་གྱི་ལམ་རིམ་མཐའ་དག་གི་དོན་འདུས་པ་ཡིན་
ཏ།
འཁོར་བ་ལ་མ་ཆགས་ཞེས་པས་ཐེག་པ་ཆུང་ངུའི་ལམ་དང་། བདག་དོན་ལ་མ་ཆགས་པས་ཐེག་པ་
ཆེན་པོའི་ལམ་བསྟན།
ཡང་ཆེ་འདི་ལ་མ་ཆགས་པས་སྐྱེས་བུ་ཆུང་ངུའི་ལམ་རིམ། འཁོར་བའི་སྐྱེ་བ་
སྣུ


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*