མཐའ་དག་ལ་མ་ཆགས་པས་སྐྱེས་བུ་འབྲིང་། བདག་དོན་ལ་མ་ཆགས་པས་སྐྱེས་བུ་ཆེན་པོའི་ལམ་རིམ་
ཡང་བསྟན་ནོ།
མ་ཆོག་པ། (4) མ་ཚང་བ། (2) ད་མ་བསྒྲགས།
མ་འཆུན་པ། (4) མ་ལྕོགས་པ། མ་ཐུབ་པ། མ་ནུས་པ། གོ་མ་ཐུབ་པ། ཕལ་སྐད་དུ འབ་སུ་མ་འདུས་པ།
དཔེར་ན། རྗེའི་འགྲེལ་པ་བཞི་སྦྲགས་ལས། རང་གི་བློ་གྲོས་ཀྱིས་མ་འཆུན་པའི་ཚིག་དོན་གྱི་ཆ་ལ་ནོར་
འཁྲུལ་
ཤོར་པ་ཡོད་པ་གོར་མ་ཆག་པས། རྣམ་དཔྱོད་ཅན་རྣམས་ཀྱིས་ཞིབ་ཏུ་དཔྱད་དེ་གད་བདར་གྱི་ཚུལ་
དུ་
ལྷད་ཞུགས་སེལ་བར་རིགས་ཤིང་ཞེས་པ་ལྟ་བུ། (2) མ་འཐུལ་བ།
མ་ཧཾ་གི། སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་དང་། དཔལ་གསང་བ་འདུས་པའི་མན་ངག་གིབརྒྱུད་པ་འཛིན་པའི་རྒྱ་
གར་གྱི་སློབ་དཔོན་ཆེན་པོ་
ཞིག་སྟེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། གསང་འདུས་མར་ལུགས་པ་རྣམས་
འཕགས་པའི་
སློབ་མར་བཞེད། ཞེས་དང་། དཔལ་གསང་བ་འདུས་པའི་བླ་བརྒྱུད་གསོལ་འདེབས་སུ།
འཕགས་མཆོག་དེ་ཡིས་རྗེས་བཟུང་ཐུགས་ཀྱི་སྲས། བེ་ག་ར་ཡི་དུར་ཁྲོད་ཆེན་པོ་རུ། བརྟུལ་ཞུགས་སྤྱོད་
པས་
མཆོག་གི་དངོས་གྲུབ་བརྙེས། མ་རྟཾ་གི་པའི་ཞབས་ལ་གསོལ་བ་འདེབས། ཞེས་གསུངས་པ་ལྟར་
མ་
བསྟོད། བྷོཿ མ་སྐྱེས་མ་འགག་ཆོས་དབྱིངས་ཀློང་ཡངས་ནས། ཞེས་སོགས་ཀྱི་དམ་ཅན་ཆོས་རྒྱལ་གྱི་ཡུམ་གྱི་
བསྟོད་པ་འདི།
རྗེ་དགེ་འདུན་གྲུབ་ཀྱིས་མཛད།
མ་དཱ་ན། ལེགས་སྦྱར སྨྱོས་བྱེད། ཆང་།
མ་དག་པའི་སྒུ་ལུས། དག་ལུགས དབེན་གསུམ་གྱི་མཐའི་སྒྱུ་ལུས། སྒྲ་བཤད་ནི། ཉོན་སྒྲིབ་ཀྱི་ས་མ་དག་པས་སྒུ་
འི་ལུས་ཡིན་པས་དེ་སྐད་ཅེས་བྱ། བཀའ་བརྒྱུད ཁམས་གསུམ་སྣོད་བཅུད་ཀྱིས་བསྡུས་པའི་ཕྱི་ནང་གི་
དངོས་པོ་འཁོར་འདས་ཀྱི་སྣང་བ་འདི་ཐམས་ཅད་སྣང་བཞིན་དུ་བདེན་པར་མ་གྲུབ་པ་
སྒྱུ་མ་དང་རྨི་ལམ་
སོགས་ཀྱི་
དཔས་གཏ་ན་ལ་འབེབས་ཤིང་བསྒོམ་པ་ལ་ཟེར། སྒྲ་བཤད་ནི། མ་དག་པའི་སྣོད་བཅུད་ཀྱི་སྣང་བ་
གང་ཤར་ཐམས་ཅད་སྒུ་མར་གཏན་ལ་འབེབས་པས་དེ་སྐད་ཅེས་བྱ་ཞེས་གསུངས་པ་ལྟར་རོ།
མ་དད་པ། ཉེ་ཉོན་ཉི་ཤུའི་བཅོ་ལྔ་པ་ནི། གཏི་མུག་གི་ཆར་གཏོགས་གང་ཞིག དགེ་བའི་ཆོས་ལ་ཨིད་མི་ཆེས་པ་
དང་།
མ་དད་པ་དང་། མི་འདོད་པར་བྱེད་པས་རབ་ཏུ་ཕྱེ་བའི་རིག་པའོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*