པར་མཁས་པ་འགའ་གསུང་། མ་བག་མར་ལེན་པའི་ལུགས་སྲོལ་འདི་གནའ་བོ་སོག་པོ་པར་སིག་གམ་
པར་
པར་སིག་སིག་གི་ཡུལ་དུ་ཡིན་པར་མངོན།
མ་བྱིན་ལེན་གྱི་ཕམ་པ། མི་གཞན་གྱིས་བདག་ཏུ་བཟུང་བའི་རྫས་ཞོ་གང་ཡན་ཆད་རིན་ཐང་ཆང་བ་རྐུ་བའམ་
རྐུར་འཇུག་
སྟེ་ཐོབ་བློ་སྐྱེས་པའོ།
མ་མ་ཀཱི། ལེགས་སྦྱར བདག་ཉིད་མ། སྙེམས་མ། འཇུ་མི་ཕམ་གསུང་ཞེས་འཕགས་བོད་སྐད་གཉིས་ཤན་སྦྱར་ན་
གསལ།
མ་མ་ཀཱིཿ། ལེགས་སྦྱར བདག་གི་མ། འཕགས་བོད་སྐད་གཉིས་ཤན་སྦྱར་ན་གསལ།
མ་མ་བརྒྱད། པང་ན་འཚོ་བའི་མ་མ་གཉིས། ནུ་མ་སྣུན་པའི་མ་མ་གཉིས། དྲི་མ་འཕྱི་བའི་མ་མ་གཉིས། རྩེན་
གྲོགས་ཀྱི་མ་མ་གཉིས་ཏེ་
བརྒྱད་དོ།
མ་མོ། (1) ཕའི་མ། ཕྱི་། རྩ་བ། དཔེར་ན་གཅུག་ཅུག་ལག་ཀུན་གྱི་མ་མོ་ལྟ་བུ། (2) ལུ་གུ་བཙའ་བའི་ལོ་ཚོད་ལོན་
པའི་མོ་ལུག། (8) ཤ་ཟ་འབྱུང་པོ། (4)ལྷ་། དཔེར་ན་འཇིག་རྟེན་གྱི་ལྷ་མོ་བདུན་ལ། འཇིག་རྟེན་གྱི་མ་མོ་
བདུན་ཞེས་པ་ལྟ་བུ། (4) ཆོས་མངོན་པའི་མིང་སྟེ། དེ་ལ་མ་མོ་ཞེས་པ་ནི་མདོ་སྡེ་དང་འདུལ་བའི་སྡེ་སྣོད་
དག་གི་མ་ལྟ་བུའི་གནས་ཡིན་པའི་ཕྱིར་མ་མོ་ཞེས་བྱོ།
མ་མོ་བདུན། འཇིག་རྟེན་གྱི་ལྷ་མོ་བདུན་ནི། ཚངས་པ་མོ་ཚངས་པའི་ཆུང་མ། ཁྱབ་འཇུག་མོ་ཁྱབ་འཇུག་གི་ཆུང་
མ།
དྲག་མོ་དྲག་པོ་དབང་ཕྱུག་གི་ཆུང་མ། དབང་མོ་བརྒྱ་བྱིན་གྱི་ཆུང་མ། གཞོན་ནུ་མ་གཞོན་ནུ་གདོང་དྲུག་
གི་
ཆུང་མ། ཕག་མོ། རྒན་བྱེད་མ་དང་བདུན་ནོ། རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ།
མ་མོ་འཛིན་པ། ཆོས་མངོན་པ་ཁོང་དུ་ཆུད་པ། མ་མོ་ནི་ཆོས་མངོན་པ་ཡིན་ལ་དེ་འཛིན་པའམ་ཁོང་དུ་ཆུད་པའི་
ཕྱིར་
དེ་སྐད་ཅེས་བྱ། ཆོས་མངོན་པ་ལ་མ་མོ་ཞེས་བརྗོད་པ་ནི། མདོ་སྡེ་དང་འདུལ་བའི་སྡེ་སྣོད་དག་གི་མ་
ལྟ་བུའི་གནས་ཡིན་པའི་ཕྱིར།
འདུལ་བ་ལུང་ཕྲན་ཆེགས་ཀྱི་འགྲེལ་པར་གས་ལ།
མ་མོའི་ཁྱིམ། མ་མོ་དྲག་མོ་དང་། ཚངས་མ། ཁྭབ་འཇུག་མ། དབང་མོ། ལུསང་ན་མོ།
ཕག་མོ། རྒན་བྱེད་མ་སྟེ་རྣམ་པ་བདུན་གྱི་གཟུགས་ཡོད་པའི་ཁང་པའོ། བཀའ་བརྒྱད་པའི་གཞུང་ན་གསལ
མ་མོའི་གནས། མ་མོའི་ལྷ་ཁང་། རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ། མ་མོའི་ཁྱིམ་དང་དོན་འདྲ།
མ་ད་མིགས་པའི་རྟགས། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་ལ་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་
ཤ་ཟ་ཡོད་
ཅེས་དམ་བཅའ་མི་རིགས་ཏེ། ཤ་ཟ་ལ་ཤ་ཟ་བསྐལ་དོན་ད་སོང་བའི་གང་ཟག་གིས་ཤ་ཟ་ཚད་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*