53
གསོལ་བ་འདེབས་པ་ལའང་སྣོད་བརྟག་པ་དང་། སྣོད་རུང་དུ་ཤེས་ན་ནི་གསོལ་བ་མ་བཏབ་པར་ཡང་
བཤད་དུ་རུང་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིཕྱིར། གལ་ཏེ་ཁྱོད་ལ་གསོལ་
འདེབས་ན།
རབ་རྒྱས་བདག་གིས་མ་བསླབས་ཞས། ཐོག་མར་ཚིག་དེ་བརྗོད་པར་བྱ། ཁྱོད་ནི་ཤེས་ཤིང་
མཁས་ཡིན་ན།
བདག་ཉིད་ཆེན་པོའི་མདུན་དུ་ནི། བདག་གིས་ཇི་ལྟར་བཤད་ནུས་ཞས། ཁྱོད་ཀྱིས་དེ་
སྐད་བརྗོད་པར་བྱ།
འཕྲལ་དུ་བརྗོད་པར་མི་བྱ་ཡི། སྣོད་ལ་བརྟག་པ་བྱས་ནས་བྱ། གལ་ཏེ་སྣོད་ནི་ཤེས་
གྱུར་ན།
གསོལ་མ་བཏབ་ཀྱང་ཤེས་པར་བྱ། ཞེས་གསུངས་སོ། རྗེའི་ལམ་རིམ་ལ་སྣོན་འཕྲི་ཅུང་ཟད་
ཀྱིས་བཀོད།
མ་ཧ་བོ་དྷྭིཿ། ལེགས་སྦྱར (4) རྟོགས་པ་ཆེན་པོ་སྟེ། སངས་རྒྱས་སྤྱིའི་མིང་། (2) བྱང་ཆུབ་ཆེན་པོ་ཞེས་བྱ་བ་
གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ནང་གི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་བྱིན་ཅ་ན་ངོ་
མཚར་ཅན་དེའི་མིང་།
འདིའི་ལོ་རྒྱུས་ནི། བཅོམ་ལྡན་ལྡན་འདས་མ་ངན་ལས་འདས་ནས་ལོ་བརྒྱད་ཅུར་
ཉེ་བ་ན།
ཡུལ་མ་ག་ཅྭཱ་ན། ཁྱིམ་བདག་བྲམ་ཟེ་མ་ཧཱ་པ་ལ་ཟེར་བ་ཞིག་ལ་ཇོ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་
གཅིག་ཡོད། དེ་གཉིས་ལ་བུ་གསུམ་ཡོད་པ་ལས། བུ་ཆེ་བ་མ་ཧཱ་མ་སེ་ཞེས་བྱ་བས་ཝ་ར་ཎ་སྱིར་ལྷ་ཁང་
བཞེངས། བུ་འབྲིང་པོ་སི་བ་ས་མེ་ཞེས་བྱ་བས་ཛེ་ཏའི་ཚལ་དུ་ལྷ་ཁང་བཞེངས། བུ་ཆུང་བ་སྤྲ་ཏ་ས་མེ་ཞེས་
བྱ་བས་རྡོ་རྗེ་
གདན་དུ། ཕྱི་གསྡོ་ལ། ནང་དུ་ལྷ་ཁང་བྱས་པ་བརྩིགས་ཏེ། དེའི་ནང་བཅོམ་ལྡན་འདས་དགུང་
ལོ་
སུམ་ཅུ་པའི་སྐུ་ཚད་ཅིག་བཞེངས་པར་འདོད་པའི་རྒྱུ་ཙ་ནྡན་དང་རིན་པོ་ཆེའི་ཕྱེ་མ་བསྲེས་ནས་འཇིམ་
པའི་ཕུང་པོ
ར་བྱས་པ་དང་། ཨ་མ་ན་རེ། ལྷ་བཟོ་དང་། བུ་ཁྱོད་རང་དང་། རྒྱགས་ཆུ་བཟའ་བཏུང དང་
གསུམ་པོ་
ནང་དུ་སྡོད། སྒོ་ལ་ལྕགས་ག་ཟེར་རྒྱོབ་ལ། ཟླ་བ་གསུམ་དང་ཞག་གསུམ་ལ་ཆར་བར་གྱིས་ཤིག་
ཟེར་རོ། དེར་ཟླ་བ་གསུམ་དང་ཞག་གཉིས་སོང་དུས་ཨ་མ་བྱུང་སྟ སྒོ་ཕྱེས་ཤིག་ཟེར་རོ། བུ་ན་རེ། ཟླ་བ་
གསུམ་དང་ཞག་
གཉིས་སོང་། ད་དུང་ཞག་གཅིག་མ་ཐིམ་ཟེར་བས། ཨ་མ་ན་རེ། ཞག་གཅིག་མ་ཐིམ་ཀྱང་
དབང་མིད། ང་ནི་སང་འཆི་བར་འདུག། ད་ལྟ་སངས་རྒྱས་ཀྱི་ཞལ་མཐོང་བང་ལས་མི་འདུག། ངས་འདྲ་
མི་འདྲ་
མ་བལྟས་ན། གཞན་གྱིས་ཤན་མི་ཕྱེད་པས། སྒོ་ཕྱེས་ཤིགང་ས་བལྟ་དགོས་ཟེར་ར་རོ དེར་སྒོ་ཕྱེས་
པ་དང་།
ལྷ་བཟོ་བ་དེ་སྤྲུལ་པར་འདུག་ནས་འཇའ་ཡལ་བ་བཞིན་སོང་ངོ་། དགུང་ལོ་སུམ་ཅུ་པའི་སངས་
རྒྱས་ཀྱི་སྐུ་ཚད་
དེ་ནི། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ངོ་མཚར་ཆེ་བ་ནི་འདི་ལྟ་སྟེ། མི་རྣམས་ཀྱིས་
རྟེན་
དེ་དང་མཇལ་བའི་དུས་སུ། ལྟོགས་སྐོམ་བརྗེད་ནས་བཟའ་བཏུང་གཞན་གྱིས་སྟེར་དགོས་པ་དང་།
མཇལ་ནས་ཕྱིར་འོང་བའི་དུས་སུ་རྒྱབ་སྟོན་མི་ཕོད་པར་ཕྱི་འགྲོས་སུ་འགྱེས་པར་འགྱུར་རོ། མི་རྣམས་གློ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*