536
རྡོ་རྗེས་གསུངས། བཀའ་པརྒྱུད་ཀྱི་བསྟན་པའི་སྲོལ་བཅུགས། གཞན་ཡང་། རྗེའི་རིམ་ལྔ་གདན་རྫོགས་
ལས།
བསྐྱེད་པའི་རིམ་པ་ལ་གནས་པ་དེས། རིམ་པ་གཉིས་པ་རྫོགས་པའི་རིམ་པ་ལ་བསླབ་པའི་གྲུབ་ཆེན་
གྱི་མན་ང་ག་
མཐར་ཐུག་པ་ནི། རིམ་ལྔ་ད་ང་སྤྱོད་བསྡུས་དང་། རྣམ་གཞག་གི་ཕྱོགས་གཅིག་དང་ལས་མཐའ་
རྣམ་འབྱེད་ད་དང་།
རྒྱུད་འགྲེལ་གྱི་སྦྱོར་བ་ཡན་ལག་དྲུག་དང་། རྫོགས་རིམ་གྱི་རིམ་ལྔའི་བཤད་པ་མཛད་པ་
རྣམས་ཡིན་ནོ།
དེ་ལྟ་ནའང་གཞུང་དེ་རྣམས་ཤིན་ཏུ་བརླིང་བས་ཕྱི་རབས་ཀྱི་གདུལ་བྱས། དེ་རྣམས་ལས་
ཤིན་ཏུ་
གསལ་བའི་བླ་མ་དམ་པའི་མན་ངག་མེད་ན། མན་ངག་གི་གནད་རྫོགས་པར་མི་རྙེད་པས།
འཕགས་ཡུལ་གྱི་མཁས་པ་དུ་མ་ལ་གཏུགས་ནས་ལེགས་པར་མནོས་པའི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱི་མན་
ང་ག་ཤིན་ཏུ་
གལ་ཆའོ། དེ་ལ་ནི་རྗེ་མར་པ་ད་ང་རྗེ་འགོས་ཀྱི་ལུགས་གཉིས་མཆོག་ཏུ་གྱུར་པ་ཡིན་ལ།
འདིའི་མན་ངག་རྒྱུད་ད་ང་འཕགས་སྐོར་གྱི་གཞུང་ལ་ལེགས་པར་གཏུགས་ནས་ངེས་པ་བསྐྱེད་པ་ལ་ནི། རྗེ་
འགོས་ནས་བརྒྱུད་པའི་
མན་ངག་གི་བཤད་པ་རྣམས་དགོས་ཤིང་། གཞུང་ནས་ད་ངོས་སུ་ཟིན་པ་ཙ་མ་དུ་མ་
ཟད་ཁོང་
ན་གནས་པ་དུ་མ་གསལ་དུ་བཏང་ནས། དེ་ལྟར་གྱི་གང་ཟག་གི་ཉམས་སུ་ལེན་པའི་དམིགས་རིམ་
ཁྱད་
པར་ཅན་མང་པོའི་སྒོ་ནས་ངེས་པ་རྙེད་པ་ལ་ནི། རྗེ་མར་པའི་གདམས་ངག་རྣམས་དགོས་སོ། རྗེ་
མར་པའི་
གདམས་ང་ག་ཕལ་མོ་ཆེ་ལ་རྒྱ་གཞུང་གི་རྩ་ཚིག་རེ་ཡོད་ལ། རིམ་ལྔའི་མན་ངག་གི་རྩ་ཚིག་ནི་
རིམ་ལྔ་
བསྡུས་པ་གསལ་བ་ཉིད་ཨིན་གྱི། ཁ་གཡར་གཞན་འདུག་པ་ནི་སྤྱོད་བསྡུས་དང་འགལ་བ་ཆེན་པོ་
ཡོད་པས་རྣམ་དག་མིན་ནོ། ཞེས་རྗེ་ཙོང་པ་ཆེན་པོས་མར་འགོས་གཉིས་ཤིན་ཏུ་ཡིད་ཆེས་པའི་གནས་སུ་
མཛད་དོ། མཁས་གྲུབ་དེ་ཉིད་ད་གུང་གྲང་ས་བརྒྱད་ཅུ་གྱ་བརྒྱད་དུ་ཕེབས་པ་ན་ཞི་བར་གཤེགས་པར་གྲགས།
[ཀློང་རྡོལ་བླ་མས་དགུང་གྲངས་གྱེ་དྲུག་བཞུགས་པར་བ་ཤད། འཁྲུངས་འདས་ལོ་ཚིགས། (1012 1097) རྗེ་ཙོང་ཁ་
པ་ཆེན་པོའི་
རིམ་ལྔ་གསལ་སྒྲོན་དང་རིམ་ལྔ་གདན་རྫོགས་སོགས་ལ་གཞི་བྱས་ཏེ་བཀོད།
མར་རྩེ། མར་སྣེའི་རྩེ་མོ།
མལ།
(4) སྡོད་ས་དང་ཉལ་ས། (2) གནས། (8) ཆབ། གནས་དང་ཚ་བ་ལ་འཇུག་པ་ནི། གོང་མའི་སྐད་དོད་
པཱརྦའི་མལ་དུ་འགའ་ཞིག་ལ་པུ་ཏྲ་འབྱུང་བས། ཞེས་པ་ལྟ་བུའོ།
མལ་ཆེ་མཐོ། རིན་ཐང་ཆེ་བ་དང་ཆད་མཐོ་བའི་མ་ལ་ཏེ། ཆེ་བ་ནི་རིན་པོ་ཆེས་སྤྲས་པའོ། མཐོ་བ་ནི་བུས་མོ་
ལས་
མཐོ་བའོ། ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གསལ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*