544
མིང་སྦྱོར་རྟོག་པ། བརྡ་དུས་ཀྱི་མིང་དང་ཐ་སྙད་ཀྱི་དུས་ཀྱི་དོན་སྦྱར་ནས་འཛིན་པའི་རྟོག་པ་ལྟ་བུ། དཔེར་ན་
དཀར་ཟལ་འདི་
ནི་བ་ལང་ངོ་སྙམ་དུ་འཛིན་པའི་རྟོག་པ་ལྟ་བུའོ།
མིང་ཚིག་ཡི་གེ་གསུམ། དོན་གྱི་ངོ་བོ་རྗོད་པས་མིང་། ཁྱད་པར་སྟོན་པས་ཚིག དེ་གཉིས་ཀྱི་གཞིར་གྱུར་པའམ་
ཆ་ཤས་
ཡིན་པས་ཡི་གེ་ཞེས་བྱ་སྟེ། མཆིམས་མཛོད་ལས། མིང་ནི་དོན་གྱི་ངོ་བོ་རྗོད་པར་བྱེད་པ་སྟེ་།
གཟུགས་ཞེས་པ་ལྟ་བུའོ། ང་ག་ནི་ཚིག་སྟེ་དོན་གྱི་ཁྱད་པར་སྟོན་པ་ཀྱེ་མ་འདུས་བྱས་རྣམས་མི་རྟག་ཅེས་བྱ་
བ་ལ་སོགས་པའོ།
ཡི་གེ་ནི་མིང་དང་ཚིག་གི་གཞིར་གྱུར་པའམ་ཆ་ཤས་ཏེ་ཀ་ལ་སོགས་པའོ། ངེས་ཚིག་
ནི་ཨ
ཀྵ་ར་ཞེས་བྱ་བ་མི་འགྱུར་བ་སྟེ། བདའི་དབང་གིས་རྣམ་གྲངས་གཞན་དུ་མི་འགྱུར་བའི་ཕྱིར་ཏེ་ཀ་ཞེས་
བྱ་བའི་
ཡི་གོ་ནི་བརྡ་མི་མཐུན་པའི་སྐྱེ་བོ་དུ་མ་ལ་འགྱུར་བ་མེད་པ་བཞིན་ན་ནོ། མིང་ད་ང་ཚིག་ནི་བདའི་
དབང་པིས་གཞན་ད་ང་གཞན་དུ་འགྱུར་ཏེ་ལྟོ་ལྡིར་བ་ལ་སོགས་པ་ལ་བུམ་པ་དང་གྷ་ཊ་ལ་སོགས་པའོ། ཞེས་
གསུང་ས་སོ།

མིང་གཞི། སྔོན་རྗེས་གཉིས་ཀྱི་འཇུག་ཡུལ་དུ་གྱུར་པའི་ཡི་གེ། དཔེར་ན། «དཀར» ཞེས་པ་ལྟ་བུ་ལ་མཚོན་ན།
«ད»སྔོན་འཇུག ངཀ»མིང་གཞི། «ར» རྗེས་འཇུག་ཡིན་པ་ལྟ་བུའོ།
མིང་གཞི་རྐྱང་པ། སྔོན་རྗེས་གང་ཡང་མ་ཡིན་པའི་གསལ་བྱེད་རྣམས་ཏེ། ཨི་གེ་ལྟ་བུ།
མིང་གཟུགས། མིང་ནི་གཟུགས་ཀྱི་ཕུང་པོ་ལས་གཞན་པའི་ཕུང་པོ་ལྷག་མ་བཞི་ཡིན་ལ་དེ་ལ་མིང་ཞེས་པ་ནི། ལས་
ཉོན་གྱིས་
བསྒོས་པས་སྐྱེ་བའི་གནས་དེ་དང་དེར་བཀྲི་བས་སམ་དོན་རྣམས་ལ་འདུ་ཤེས་ཀྱི་དབང་གིས་རྒྱུག་
པས་ན་མིང་ང་ངོ་།
གཟུགས་ནི་སྐབས་དེའི་མེར་མེར་པོ་ལ་སོགས་པའོ། རྗེའི་རྩ་ཤེ་ཊིཀ་ཆེན་ན་གསལ།
དཔལ་ལྡན་ཟླ་བའི་ཚིག་གསལ་ལས་ཀྱང་། ཚོར་བ་ལ་སོགས་པ་གཟུགས་མ་ཡིན་པའི་ཕུང་པོ་བཞི་ནི་སྲིད་
པ་དེ་དང་དེར་གཞོལ་བས་ན་མིང་ང་ངོ་།
ཞེས་གསུང་ས། ཡང་འགའ་ཞིག་གིས། ཚོར་བ། འདུ་ཤེས། འདུ་
བྱེད།
རྣམ་ཤེས་བཞི་ནི། མིང་ཙ་མ་གྱི་སྒོ་ནས་བློ་ཡུལ་དུ་གཟུང་ད་གོས་ཀྱི། གཟུགས་རགས་པ་ལྟར་བློ་ཡུལ་
དུ་
གཟུང་དུ་མེད་པས་མིང་ཞེས་བཏགས་པ་ཡིན་ཟེར།
མིང་གཟུགས་ཀི་སྐྱེ་མཆད། ཚོར་བ་ལ་སོགས་པའི་ཕྱུང་པོ་ལྷག་མ་བཞི་ནི་མིང་དང་། མེར་མེར་པོ་ལ་སོགས་པ་
ནི་
གཟུགས་སོ། དེ་ད་ག་ལ་ཆགས་ན་སྡུག་བསྔལ་འབྱུང་བའི་སྐྱེ་སྒོར་གྱུར་པས་སྐྱེ་མཆེད་ད་དོ།
མིའམ་ཅི། ངཀིསྣ་ར» དུད་འགྲོ་མིའི་རྣམ་པ་ཅ་ན་ཤིན་ཏུ་གཟུགས་བཟང་པོ་དང་ལྡན་པ་རྣམས་སོ། ལུང་གཞིའི་
འགྲེལ་པར་
གསུང་ས། དད་འགྲོའི་ཕྱོགས་གཅིག་འཕྲོག་མ་ལ་སོགས་པ། ཞེས་རྗེའི་གསུང་མདོ་རྩའི་ཟིན་
(3)


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*