557
སྨིན་མ་ད་ང་ཛི་མ། (4) གསུང་རབ གསུང་རབ་ཀྱི་བ་དར་སྨིན་མ་ཞེས་པ། མིག་གི་རུས་པའི་མཐའ་སྒོར་གྱི་སྤུ་དེ་
ལ་ཟེར། ཕྱི་རྒྱལ་བས། ) 8 ཟེར། དཔེར་ན་མཛོད་སྤུ་ཡོད་སའི་སྨིན་མ་གཉིས་ཀྱི་བར་མཆམས་ལ།
སྨིན་མཆམས་ཟེར་བ་ལྟ་བུ། རྗི་མ་ནི། མིག་ལྤགས་ཀྱི་མཐའ་ལ་ཡོད་པའི་སྤུ་དེ་ལ་ཟེར། ཕྱི་རྒྱལ་བས།
) 1 ཟེར། (2) འཇིག་རྟེན འཇིག་རྟེན་ན་སྨི་ན་མ་ཞེས་པ་གསུང་རབ་ནས་བཤད་པའི་རྫི་མ་དང་།
འཇིག་རྟེན་ན་ཛི་མ་ཞེས་པ་གསུང་རབ་ནས་བཤད་པའི་སྨིན་མ་ལ་གོ་དགོས་ཏེ། དཔེར་ན་འཇིག་རྟེན་མིག་
རུས་
ཀྱི་མཐའ་སྐོར་གྱི་སྤུ་མཐུག་པོ་ཡོད་པ་ལ། རྫི་མ་མཐུག་པོ་ཟེར་བ་བཞིན་ནོ། འདི་དག་པི་ཁྱད་པར་རྗེ་
གུང་ཐང་པ་སོགས་
མཁས་པ་འགའ་ཞིག་གིས་གསལ་བར་ཕྱེ་ནས་གསུང་ས་པ་མ་གཏོགས། དག་ཡིག་དང་
ཚིག་མཛོད་
རྣམས་སུའང་མ་མཐོང་ངོ་།
སྨེའུ་ཟན། སྨེའུ་ཟན་ཞེས་པ་འཕན་ཡུལ་གྱི་ཟས་ཤིག་ཡིན་པར་བཤད། སྨེའུ་ཟན་ནི་རྩམ་པ་དང་མར་བུ་རམ་སོགས་
བསྲོས་པའི་ཟས་ལ་བཤད ཁྱིམ་ཆང་ཞིག་ཏུ་སྨེའུ་ཟན་ནང་མི་ཆང་མར་ཆ་སྙོམས་སུ་བགོས་ནས་ཡོད་པ་ལ།
བུསདྲན་རྒྱུ་རྒོད་པོ་བྱས་ཏེ་ཕ་མ་གཉིས་ཀྱི་སྐལ་བ་ནས་ཟོས། རང་གི་སྐལ་བ་རྒྱབ་ཏུ་སྦས་ནས་བཞག་པ་
ཁྱིས་ཁྱེར་
བར་ཤེས་པ་ན་ཕང་ས་ཏེ་འགྱོད་ཅིང་ངུས་པའི་དཔེ་ཞིག་སྟེ། ངེད་ཅ་ག་ད་གོས་པ་ཆུང་ཆེགས་
ལའང་ཕ
ང་ས་ཤིང་འགྱོད་ན། དལ་འབྱོར་ཆུད་ཟོས་སུ་གཏོང་བར་ཅིས་མི་ཕང་ས་ཏེ་ཕངས་རིགས་སོ་ཞེས་
སྙིང་པོ་ལེན་པར་གདམས་པའི་ད་པའོ།
སྨྱན་བྱེད་པའི་ལྷག་མ། ལྷག་མ་བཅུ་གསུམ་གྱི་ལྔ་པ་ནི། འཕྲིན་ལན་གསུམ་གྱིས་སྐྱས་པ་བུད་མེད་གཉིས་ཕན་ཚུན་
སྨྱན་བྱེད་པའི་ཚིག་རང་གིས་སྨྲ་བའམ་གཞན་སྨྲར་བཅུག་སྟེ་དེ་གཉིས་འཁྲིག་པ་སྤྱད་པའི་ཚི་ནའོ།
སྨྱིགས་ཐབས། ཤིན་ཏུ་ཁྲོས་ཏེ་དིག་ཐབས་སུ་སྨྲ་བ།
སྨྲ་སྒོ་མཚོན་ཆ། པཎྜི་ཏ་སྨྲྀ་ཏི་ཛྙཱ་ནས་ལིང་ཆུ་གསེར་ཁང་དུ་བརྩམས། རང་འགྱུར་ཨིན།
སྨྲ་བའི་ཁྱུ་མཆོག། སྨྲ་བའི་དབང་ཕྱུག། སྨྲ་བའི་གཙོ་བོ། སྨྲ་བའི་དཔའ་བོ།
སྨྲ་རུ། སྨྲ་རུ་སོང་ན། སྨྲ་ན། འཆད་ན་ཞེས་པའི་དོན་ཡིན། དཔེར་ན། བུ་སྟོན་ཆོས་འབྱུང་ལས། བདག་གིས་ཆོས་
མིན་སྨྲ་རུ་ཆོས་
དང་འགལ། ཆོས་བཞིན་སྨྲས་ན་བོད་རྣམས་དགྲ་རུ་ལྡང་། ཞེས་པ་ལྟར་རོ།
སྨྲྀ་ཏི་ཛྙཱ་ན། [ལེགས་སྦྱར པཎྜི་ཏ་སྨྲ་ཏི་ཛྙཱ་ན།
སྨྲྀ་ཏི་ཛྙཱ་ན་ཀིརྟི། [ལགས་སྦྱར སྨྲ་ཏི་ཛྙཱ་ན་དང་འདྲ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*