562
ཆེས་འབྲང་བ། བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། བདུད་ཀྱི་མིག་རས་བཙ་འ་བཞིན་དུ། སྲིད་པ་
དག་ནི་ལྡོག་པར་བྱེད།
ཅེས་གསུང་ས་པ་ལྟར་རོ། (8) གཅེས་སྲུང་། དཔེར་ན། བསླབ་སྡོམ་མིག་འབྲས་
བཞིན་དུ་བཙ་འ་བ། ཞེས་པ་ལྟ་བུ།
བཙ་ས་པའི་གནས་སྐབས་ལྔ། བྱིས་པ། གཞོན་ནུ། དར་ལ་བབས། དར་ཡོལ། རྒན་པོའི་གནས་སྐབས་དང་
ལྔའོ།
བཙུན་པ། ངབེ» (4) གྲྭ་པའི་ཞེ་ས། ལེགས་སྦྱར་གྱི་སྐད་དུ་བརཱེ་ཞེས་པ་དའོ། (2) ཞི་ཞིང་དུལ་བ། (8) རང་
ལས་བསླབ་པ་རྒན་པ་ལ་
འབོད་པའི་འདུལ་བའི་ཉེ་ཚིག་ཅིག། བནྡེའི་ངེས་ཚིག་ནི། མཆོད་པ་དང་ཕྱག་
འཆལ་བའི་གནས་ཡིན་པས་ན་དེ་སྐད་ཅེས་བྱའོ།
ཙ་ཀུ་ཤའི་བྱིང་ས། རྩྭ་ཀུ་ཤའི་འབྱུང་གནས།
རྩ་རྐྱང་མ། རྩ་གཙོ་མོ་གསུམ་གྱི་ཡ་གྱལ་ཞིག་སྟེ། དེ་ནི་ཁ་དོག་དཀར་པོ། ལྟེ་བ་ཡན་དུ་རྩ་དབུ་མའི་གཡོན་དུ་
གནས་ཤིང་།
ལྟེ་འོག་ནས་དབུ་མའི་གཡས་སུ་འཁྱོགས་ཏེ་པོ་མོ་གང་ཡིན་གྱི་རྟགས་ཀྱི་རྩེར་སོང་ནས་དྲི་ཆུ་
ད་ང་ཁུ་ཁྲག་འཕེན་འཛིན་བྱེད་ཅི་ང་། གཙོ་བོར་ཁྲག་དང་ཅུང་ཟད་འདྲེས་པའི་ཁུ་བ་ཤས་ཆེར་འབབ་པའི་རྩ་
ཞིག།
མིང་བི་རྣམ་གྲངས་ནི། རྩ་རྐྱང་མ། ལ་ལ་ན། གཟུང་བའི་རྩ། སྐུ་ཡི་རྩ། གཡོན་གྱི་རྩ། སྐྱེས་པའི་རྩ།
ཟླ་བའི་རྩ། ཐབས་ཀྱི་རྩ། སྙིང་སྟོབས་ཀྱི་རྩ་རྣམས་སོ། རྩ་རྐྱང་མ་ལ། སྐྱེས་པའི་རྩ་དང་། ཟླ་བའི་རྩ།
ཐབས་ཀྱི་རྩ། སྙིང་སྟོབས་ཀྱི་རྩ་ཞེས་བརྗོད་པའི་རྒྱུ་མཚན་ནི། ཁུ་བ་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་
འདྲའོ།
ཞེས་རྗེའི་གསུང་ཟིན་བྲིས་མ་རྒྱུད་ཀྱི་རྫོགས་རིམ་ད་པྱིད་ཐིག་ལས་གསུངས། རྐྱང་མ་ཁ་དོག་དཀར་
པོ་
ཡིན་པའི་རྒྱུ་མཆན་ནི། དེའི་ནང་ནས་ཁུ་བ་གཙོ་བོར་འབབ་པའི་རྒྱུ་མཚན་གྱིས་ཡིན་ནོ།
རྩ་རྦུད། རང་ཉིད་རྒྱུད་གཞན་འཆད་པའི་འགྲེལ་པ་ལྟ་བུར་གནས་པ་མ་ཡིན་པར། རང་ཉིད་འགྲེལ་པ་ལྟ་བུའི་རྒྱུད་
གཞན་གྱི
ས་བཤད་པར་བྱ་བའི་གཞིར་གནས་པའི་རྒྱུད། དེ་ལ་བཤད་རྒྱུད་ལ་ལྟོས་པའི་རྩ་རྒྱུད་ཟེར། དཔེར་
ན།
གསང་འདུས་དང་བདེ་མཆོག་ལ་སོགས་པའི་རྩ་རྒྱུད་རྣམས་ལྟ་བུ། ཐོག་མར་སྟོན་པས་རྒྱས་པར་
གསུངས་པ
འི་རྒྱུད་གང་ཞིག་ཕྱིས་དེ་ལས་བཏུས་པའི་བསྡུས་རྒྱུད་གང་ལས་འཐུ་བའི་གཞིར་གྱུར་ ཅིང་།
རང་ཉིད་གང་ལ་ལྟོས་པའི་རྩ་རྒྱུད་གཞན་གྱི་འཆད་བྱེད་དུ་མ་སོང་བའི་རྒྱུད་། དེ་ལ་བསྡུས་རྒྱུད་ལ་ལྟོས་པའི་
རྩ་རྒྱུད་ཟེར།
དཔེར་ན། དུས་འཁོར་རྩ་རྒྱུད་ལྟ་བུའོ། མཁས་གྲུབ་ཆོས་རྗེའི་གསུང་ལ་གཞི་བྱས།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*