567
རྩ་བ་བཞི། སྲོག་གཅོད་པ། མ་བྱིན་པར་ལེན་པ། མི་ཆངས་པར་སྤྱོད་པ། མི་ཆོས་བླ་མའི་རྫུན་སྨྲ་བ་དང་
བཞིའོ། སྒྲ་བཤད་ནི། སྡོམ་པ་ཉམས་པར་བྱེད་པའི་ཉེས་སྤྱོད་མཐར་ཐུག་ཡིན་པས་ན་རྩ་བ་ཞེས་བྱའོ།
རྩ་བའི་ཁ་དོག ཡན་ལག་གི་ཁ་དོག་རྣམས་ཀྱི་རྩ་བའམ་འབྱུང་གཞིའི་ཁ་དོག དེ་ལ་དབྱེ་ན། སྔོ། སེར། དཀར།
དམར་བཞིའོ། ཁ་ཅིག སྔོ་སེར་དཀར་དམར་ནག་པོ་དང་ལྔ་རུ་བཞེད་། ནུབ་ཕྱོགས་པ སྔོན་པོ། སེར་པོ།
དམར་པོ་གསུམ་ལ་འདོད། ཀམ་པུའི་ཀྲར་རིག་པ ལྗངུ་། སྔོན་པོ། དམར་པོ་དང་གསུམ་ལ་བརྟེན་ནས་
ཁ་དོག་
གཞན་ཐམས་ཅད་འབྱུང་བར་འདོད་པས་རྩ་བའི་ཁ་དོག་ཏུ་འདོད། ཀམ་བུའི་ཀྲར་རིག་པའི་ཁ་དོག་དེ་
གློག་འོད་ཀྱི་ཁ་དོག་ལ་བརྩིས།
རྩ་བའི་བཅ་འ་བ། འདུལ་བ་ནས་བཤད་པའི་བཅ་འ་བ་ལྔའི་ནང་གསེས། ལ་ཕུག་དང་ཉུང་མ་ལྟ་བུ།
རྩ་བའི་མདོ། དབེ་སློང་ཕ་མའི་སོ་ཐར་གྱི་མདོ།
རྩ་བའི་སྡེ་པ་བཞི། ཉན་ཐོས་རྩ་བའི་སྡེ་པ་བཞི་ལ་གཟིགས།
རྩ་བའི་བླ་མ། (4) རང་གི་སེམས་ལ་ཕན་ཐོགས་ཆེ་ཤོས་ཀྱི་བླ་མ་དེ་ལ་འཇོག། ཅེས་རྒྱལ་དབང་ཐམས་ཅ་ད་
མཁྱེན་
པ་བསྟན་འཛིན་རྒྱ་མཚོ་གསུང་། (2) ཡང་ན། རང་ལ་ཆོས་ཀྱི་སྒོ་ནས་བཀྲིན་ཆེ་ཤོས་ཀྱི་བླ་མ་དེ་ལ་
བཞག་
ཀྱང་རུང་། (8) བཀའ་བརྒྱུད ཕྱག་རྒྱ་ཆེན་པོའི་རྟོགས་པ་གང་ལས་བརྙེས་པའི་བླ་མ་དེ་ལ་བཞེད།
རྩ་བའི་རླུང་ལྔ། སྲོག་འཛིན། སྲོག་འཛིན་ཁ་དོག་དཀར་པོ ཐུར་སེལ། ཐུར་སེལ་སེར་པོ མེ་མཉམ་མམ་མཉམ་
གནས།
མཉམ་གནས་ནག་པོ གྱིན་རྒྱུ། གྱེན་རྒྱུ་དམར་པོ ཁྱབ་བྱེད་ཀྱི་རླུང་དང་ལྔའོ། [ཁྱབ་བྱེད་ཀྱི་ལུང་ལ་ཁ་
དོག་གི་གསལ་
ཁ་མེད་ཀྱིང་། རྔེ་འགོས་སྔོ་སངས་སུ་བཞེད་པ་སྟར་བྱའ། ཞེས་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ། རྒྱུད་རྡོ་རྗེ་
འཕྲེང་བ་ལས།
སྲོག་གི་རླུང་ནི་སྙིང་ཁར་ག་ནས། མི་བསྐྱོད་བྱེ་བྲག་རིགས་ལས་སྐྱས། འདོམས་ན་གནས་
པའི་ཐུར་སེལ་ནི།
རིན་ཆེན་འབྱུང་ལྡན་བྱེ་བྲག་སྐྱས། སྟོད་དུ་རྒྱུ་བ་ལྐོག་མར་གནས། འོད་དཔག་མེད་ཀྱི་
རང་བཞིན་ནི།
མཉམ་གནས་ལྟེ་བའི་པམར་གནས། དོན་ཡོད་གྲུབ་པའི་རང་བཞིན་ནོ། ཁྱབ་བྱེད་ཡ་ན་
ལག་ཀུན་ལ་གནས།
རྣམ་སྣང་མཛད་ཀྱི་ངོ་བོའོ། ཞེས་གསུངས་པ་ལྟར་རོ།
རྩ་ད་བུ་མ། རྩའི་གཙོ་མོ་གསུམ་གྱི་ཡ་གྱལ་ཏེ། མིའི་ལུས་ཀྱི་དབུས་དྲང་པོ་ན་སྒལ་ཚིགས་ལ་ཅུང་ཟད་ཉེ་བར་ཕྱི་སྔོ་
ལ་ནང་
དམར་བ། མར་སྣ་ཕོ་མོ་གང་ཡིན་གྱི་རྟགས་ཀྱི་རྩེར་ཡོད་ལ། ཡར་སྣེ་ཆང་ས་སྤྱུག་གམ་སྨིན་
མཆམཆམས་
དང་སྣ་བུག་གི་འཛོམ་མདོར་ཁ་ཕྱེ་ནས་ཡོད་པའོ། ཚན་པའམ་ཆ་ཤས་རེ་རྐང་མཐིལ་གཉིས་
སུ
འང་ཡོད་པར་རྗེའི་གསུང་ཟིན་གྲིས་ན་གསལ། རྩ་ད་བུ་མ་དེ་ནི་སྒོམ་པའི་སྐབས་ཁྱད་ཆོས་བཞི་དང་ལྡན་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*