587
མཚན་མ། (4) རྟགས། རྟགས་ལ་འཇུག་པ་ནི། མི་ནོར་བའི་མཆན་མ་བཏབ་ཅེས་པ་ལྟ་བུ། (2) ལྟས། ལྟས་ལ་
འཇུག་པ་ནི། བཟང་པོའི་མཚན་མ་ཤར་ཞེས་པ་ལྟ་བུ། (8) ཁྱད་པར། སྤུ་རིས། དེ་ལ་འཇུག་པ་ནི།
སེམས་ཅ་ན་གྱི་མཆན་མ་སྟེ་ཁྱད་པར་རམ་སྤུ་རིས་སོ་སོར་འབྱེད་པ་ནི་འདི་ནི་སྐྱེས་པའོ་འདི་ནི་བུད་མེད་
དོ།
ཞེས་པ་ལྟ་བུའོ། (4) རྒྱུ། རྒྱུ་ལ་འཇུག་པ་ནི། རྒོད་པའི་རྒྱུ་ལ་རྒོད་པའི་མཆན་མ་ཞེས་པ་ལྟ་བུའོ།
(5) རྣམ་པ། དེ་ལ་འཇུག་པ་ནི། ཀུན་ལས་བཏུས་ལས། རྒོད་པ་གང་ཞེ་ན་སྡུག་པའི་མཆན་མའི་རྗེས་སུ་
འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་བ་སྟེ་ཞི་གནས་ཀྱི་བར་དུ་གཅོད་པའི་
ལས་ཅན་ན་ནོ།
ཞེས་གསུངས་པ་ལྟ་བུའོ། (6)རྒྱུ་མཆན། རྒྱུ་མཆན་ལ་འཇུག་པ་ནི། ཆགས་ཡུལ་ལ་སྡུག་
པའི་མཚན་མ
འི་སྒྲོ་འདོགས་པ་མངས་ན་འདོད་ཆགས་དྲག་པོ་སྐྱེ་བ་དང་། དགྲ་ལ་ཡིད་དུ་མི་འོང་བའི་
མཚན་མ་མང་དུ་བསམས་ན་ཞེ་སྡང་དྲག་པོ་སྐྱེ་བ་བཞིན་ན་ནོ།
ཞེས་པ་ལྟ་བུའོ། མཁས་གྲུབ་ཆོས་རྗེའི་དྲི་
མེད་འོད་ཀྱི་
བཇེད་བྱང་ལས་ཀྱང་། སྤྱིར་མཆན་མའི་སྒྲ་ཆོས་རྣམས་ཀྱི་རང་རང་གི་ཐུན་མོང་མ་ཡིན་པའི་
ཁྱད་པར་དང་། རྟགས་དང་། རྒྱུ་ལ་སོགས་པ་ལ་འཇུག་པ་ལས། ཞེས་སོགས་གསུངས་པ་ལྟར་རོ།
མཚན་མ་ངན་པ་བཅོ་བརྒྱད། མགོ་སྒྲ་བྱི་བ། ང་ན་པ། དཔྲལ་བ་ཆུང་བ། མདོག་སེར་སྐྱ། མིག་སེར་སྐྱ། སྨིན་
མཆམས་མ་
འབྱོར་བ། སྣ་ལེབ་པ། སོ་སྟོ་བ་སྟེ་ཕྱིར་འབུར་བ། དིག་པ། མིག་ཟླུམ་པ། མིག་ཚུང་བ། ཕྱི་
ནང་དུ་སྒུར་བ།
ལྟོ་འཕྱེ་བ། དཔུང་པ་དང་རྗེ་ང་ར་ཐུང་བ། སྤུ་ཅན། ལག་པ་དང་རྐང་པ་མི་མཉམ་པ།
ཚིགས་སྦོམ་པ། ཁ་དང་ལུས་ལས་དྲི་ང་ན་བྱུང་བ་དང་བཅོ་བརྒྱད་ད་དོ། སློབ་དཔོན་ཚུལ་ཁྲིམས་བསྐྱང་ས་
གསུང་།
མཚན་མ་གཅིག་པ། རྒྱ་གར་ན་དབང་ཕྱུག་གི་རྟེན་ཡོད་པ་ལ་ཟེར།
མཚན་མའི་འཆིང་བ། ཉོན་མོངས་ཀྱི་ས་བོན་ལ་གསོས་འདེབས་བྱེད་དམ་སྣོན་པ་རྒྱག་མཁན་ཉོན་མོངས་མངོན་
གྱུར་བ
འི་མིང་ངོ་།
མཚན་མའི་ཕྱག་རྒྱ། ལྷའི་ཕྱག་མཚན། རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ།
མཚན་མའི་ལྷ། ལྷ་ཡི་དེ་ཉིད་དྲུག་གི་ཡ་གྱལ་ཏ། སྣོད་བཅུད་ཀྱི་སྣང་བ་ཐམས་ཅ་ད་དག་པ་ལྷའི་གནས་ལུས་ལོང་ས་
སྤྱོད་ཀྱི་
མཚན་མར་བསྒོམ་པའོ།
མཚན་མར་འཛིན་པ། མཚན་འཛིན་དང་འདྲ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*