595
དོ། མ་ཟོས་པ་ཆུའི་ནང་དུ་ལྷུང་བ་རྣམས་ནི་མ་དོས་པའི་ཆུ་དང་ཕྲད་པས་འཛམ་བུ་ཆུ་བོའི་གསེར་དུ་
འགྱུར་ར་རོ།
ཤིང་དེས་མཚོན་པའི་ཕྱིར་རམ། ཡང་ན་ཤིང་དེའི་འབྲས་བུའི་དབང་གིས་གླིང་འདི་ནི་འཛམ་
བུའི་གླིང་ཞེས་བྱའོ།
ཞེས་གསུང་ས།
འཛིན་གཏོར། ལོ་རེ་ཙ་མ་འཇོག་པའི་གཏོར་མ།
འཇིན་པ། ངདྷཱར་ཎ» གཟུང་
འཛིན་པ་ཡ་ན་གར་བ། རང་རིག། སྒྲ་བཤད་ནི། འཛིན་པ་ནི་ཤེས་པ་དང་། ཡན་གར་བ་ནི་གཅིག་པུའི་དོན་ཡིན་
པས་ཤེས་པ་
གཅིག་བུ་སྣང་ཡུལ་དུ་བྱེད་པའི་བློ་ཡིན་པས་དེ་སྐད་ཅེས་བཇོད། ཡང་ན། ཁྱོད་ནི་སེམས་
སེམས་བྱུང་གང་དང་ཡང་མཚུངས་ལྡན་དུ་མི་འབྱུང་བས་ཡན་གར་བ་ཞེས་བྱའོ།
འཛིན་མ། ས་གཞིའི་མིང་། སྒྲ་བཤད་ནི། འོག་ཏུ་མི་ལྟུང་བར་འཛིན་པར་བྱེད་པས་ཆ་ནས་དེ་སྐད་ཅེས་བཏགས།
འཛིན་མའི་མཐིལ། ས་གཞིའི་སྟེང་། དཔེར་ན་འཛིན་མའི་མཐིལ་དུ་ལྷུང་དུ་ཉེ་བ་ན། ཞེས་པ་ལྟ་བུ།
རྫས་ཀྱི་ཐིག་ལེ། ཁམས་དཀར་དམར་གའུ་ཁ་སྦྱོར་གྱི་ཚུལ་དུ་གནས་པ་ཆེ་ཆུང་ཡུངས་འབྲུ་ཙམ་པ་དའོ།
རྫས་མཚུངས་པ། (1)རྫས་སོ་སོ་བར་མཚུངས་པ་ཞེས་པའོ། དེའི་དོན་ནི་གཙོ་སེམས་གཅིག་གི་འཁོར་དུ་ཚོར་
བ་
ལྟ་བུ་གཅིག་ཁོ་ན་འབྱུང་གི། རིགས་མཐུན་གཉིས་མི་འབྱུང་བའི་དོན་ནོ། དེ་ཡང་དམིགས་པ་གཅིག་
རྟོགས་པ་
ལ་གཙོ་འཁོར་རིགས་མཐུན་རེ་རེ་ཁོ་ནས་འགྲུབ་ཀྱི་གཞན་མི་དགོས་པའི་དོན་ནོ། (2) རྫས་
མཚུངས་ནི།
རིགས་འདྲ་གྲང་ས་མཉམ་པ་སྟེ་མིག་ཤེས་རྫས་གཅིག་ཡིན་པ་ན་དེའི་འཁོར་ཚོར་བའང་རྫས་
གཅིག་ཁོ་ན་ཡིན་པ་
ལྟ་བུའོ།
རྫས་ཡོད། (4) ཡོད་པ་ཙམ་གྱི་རྫས་ཡོད་། ད་པེར་ན་ཡོད་ན་ནི་ཐམས་ཅད་རྫས་སུ་ཡོད་པ་ཁོ་ནའོ། ཞེས་པ་ལྟ་བུ།
(8) དོན་བྱེད་ནུས་པའི་རྫས་ཡོད། དཔེར་ན་དངོས་པོ་ལྟ་བུ། (8) བརྟན་པ་མི་འགྱུར་བའི་རྫས་ཡོད།
དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་ད་ང་འགོག་པ་གཉིས་ལྟ་བུ།(4) རང་སྐྱ་ཐུབ་པའི་རྫས་ཡོད་དད་མ།
ཆོས་གཞན་བློ་ཡུལ་དུ་འཆར་བ་ལ་མི་ལྟོས་པའི་རྫས་ཡོད་དང་བཞིའོ། རྫས་ཡོད་ཕྱི་མ་འདི་གྲགས་ཆེ།
རྫི་ སྨིན་མ་ལ་གཟིགས་ན་དེའི་ཁྱད་པར་གསལ་བར་ཕྱེ་ནས་བཤད་ཡོད
ཛི་མ་དང་སྨིན་མ། སྨིན་མ་དང་རྔི་མ་ལ་གཟིགས་ན་དེ་གཉིས་ཀྱི་ཁྱད་པར་གསལ་བར་ཕྱེ་ནས་བཤད་ཡོད།
ཛིའུ། (4) ཕྱུགས་རྫི་ཆུང་ཆུང་། (2) རྫ་མ་ཆུང་ཆུང་། (8) ཉ་རྐྱལ་བྱེད་ཀྱི་ཡན་ལག་གི་མིང་སྟེ། ཉའི་མཇུག་རྫིའུ།
ཉའི་ལོག་ཛིའུ་ལྟ་བུ། ཞེས་དག་ཡིག་རྣམས་སུ་གསལ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*