597
ངེ་འཛིན་ལ་འདུན་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། ད་པེར་ན། བ་ལང་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་
ཤིང་རྟ་ཞེས་བརྗོད་པ་བཞིན་ན་ནོ།
དེས་གཞན་རྣམས་ལའང་རིགས་འདྲའོ། སྒྲ་བཤད་ནི། རྫུ་འཕྲུལ་གྱི་སྒོ་
ནས་
སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་འགྲོ་བར་ནུས་པའི་རྐང་པ་དང་ལྡན་པས་ན་རྫུ་འཕྲུལ་གྱི་རྐང་པ་
ཞེས་བྱའོ།
ཡང་ན་མེད་པ་འཕྲུལ་བ་དང་ཡོད་པ་བསྐྱུར་བ་སོགས་ལ་རྫུ་འཕྲུལ་ཞེས་ཟེར་ལ། རྐང་པ་ནི་
ཏིང་ངེ་འཛིན་
ཏེ་དེའི་རྟེན་ན་ནོ།
རྗུད་པ། བྱ་བ་བྱེད་པའི་ནུས་པ་མེད་པ།
རྫུན། སླུ་འབྲིད་ཀྱི་བསམ་པས་མི་བདེན་པའི་གཏམ་ལུས་ང་ག་གི་རྣམ་འགྱུར་རམ་འཕྲིན་ཡིག་ཚུན་གྱིས་སྤྲིང་ས་པ་
ལ་
རྫུན་ཞེས་ཟེར། རྫུན་དང་རྫུན་ཚིག་གཉིས་ལ་ཁྱད་འབྱེད་དགོས་སམ་སྙམ།
རྫུན་པ། བརྫུན་པ་དང་དོན་འདྲ། བརྫུན་པ་ལ་གཟིགས།
རྫུན་ཚིག སླུ་འབྲིད་ཀྱི་བསམ་པས་མི་བདེན་པར་སྨྲས་པའི་ཚིག། སྤྱིར་ན་སྨྲ་རྒྱུའི་ཚིག་དེ་བདེན་པ་ཡིན་ཀྱང་ཀུན་
སློང་གི་
དབང་གིས་རྫུན་དུ་འགྲོ་བ་ཡོད་དེ། རྗེའི་ལམ་རིམ་ཆེན་མོ་ལས། ནོར་བརྐུས་པའི་མི་ཞིག་ལ་གཅིག་
བིས་ནི་དེས་བརྐུས་པར་མི་ཤེས་བཞིན་དུ་འདིས་བརྐུས་སོ་ཞེས་བརྫུན་གྱི་བོ་ནས་སྨྲ་ལ། གཅིག་གིས་ནི་རྐུན་
མ་དེས་ནོར་
རྐུ་བ་མཐོང་ནས་འདིས་བརྐུས་སོ་ཞེས་སྨྲ་བ་ན་དེ་གཉིས་ཀས་ནོར་འདིས་བརྐུས་སོ་ཞེས་སྨྲས་
པ་ལྟར་དུ་རྐུན་མ་དེས་ཀྱང་བརྐུས་མོད་ཀྱང་
གཅིག་ནི་བརྫུན་སྨྲ་ལ་ཅིག་ཤོས་ནི་བདེན་པར་སྨྲ་བས་མི་
མཚུང་ས་པ་བཞིན་ན་ནོ།
ཞེས་གསུང་ས་པ་ལྟ་བུ།
རྫུན་པ་སླུ་བའི་ཆོས་ཅན། འདུ་བྱེད་ཀྱི་ཆོས། འདུ་བྱེད་ཀྱི་ཆོས་རྣམས་རང་མཆན་གྱིས་མེད་བཞིན་དུ་རང་
མཆན་
གྱིས་གྲུབ་པར་སྣང་ནས་སོ་སྐྱེ་རྣམས་གནས་ལུགས་ཀྱི་དོན་མཐོང་བ་ལ་སྒྲིབ་པའི་སྒོ་ནས་སླུ་བས་རྫུན་
པའམ་སླུ་བ་ཟེར།
དེ་ནི་འཇིག་རྟེན་གྱི་སླུ་བྲིད་བཞིན་ནོ། དེ་ལ་སྣང་གནས་མི་མཐུན་པ་ཡང་ཟེར།
རྫུན་སྨྲ་བའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་དང་པོ་ནི། མི་ཐ་སྙད་ལྔ་ལྡན་ལ་རྫུན་བཞི་ལས་གཞན་པའི་རྫུན་
ངག་
མཆན་ཉིད་ལྔ་ལྡན་གྱིས་སྨྲས་པ་ཡུལ་དེས་དོན་གོ་བའོ། རྫུན་བཞི་ནི། ཕམ་པའི་ཛུན། ལྷག་མའི་རྫུན།
སྦོམ་པོའི་རྫུན། ཉེས་བྱས་ཀྱི་རྫུན་དང་བཞིའོ།
རྫུས་སྐྱེས། སྐྱེ་གནས་བཞིའི་ཡ་གྱལ། ཁུ་ཁྲག་སོགས་རྒྱུར་མ་བྱས་པར་ཡན་ལག་དང་དབང་པོ་སོགས་ཅིག་ཅ་ར་
ཅ་ར་དུ་སྐྱེ་བའི་སྐྱེ་གནས་ཤིག
རྫེའུ།
ཛ་མ་ཆུང་ངུ་།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*