598
རྫེའུ་ཚོས། ༿ འབྲས་ཐུག་ཞིམ་པོ། དའུལ་ཆུའི་གསུང་ལ་གཞི་བྱས། ༿དཔོན་པོ་ལྟ་བུའི་བཞེས་རྒྱུའི་ཟས་ཉུང་ངུ་
ཟུ
ར་དུ་གཡོས་པ་ལ་ཟེར། ཞེས་ཀློང་རྡོལ་བླ་མ་གསུང་། ༿ རྫ་སྣོད་ཆུང་ངུའི་ནང་དུ་བཙོས་པའི་ཁ་ཟས་བྲོ་
བ་ཆེན་པོ།
ཞེས་དག་ཡིག་རྣམས་སུ་གསལ། ཛིའུ་ཚོས་ཡང་འཐད་དེ། ཚད་ལྡན་གྱི་བསྟན་བཅོས་མང་
པོར་སྣང་།
རྫེའུ་ཚོས་སུམ་བརྒྱའི་ཁ་ཟས། འབྲས་བྲེ་བཅུ་ཡན་ཆད་བཤོང་བའི་འབྲས་ཐུག་གི་ཕྲུ་བ་སུམ་བརྒྱ་ལ་ཟེར། ཞེས་
ད་ངུལ་
ཆུའི་གསུང་དམར་ཁྲིད་སོགས་ཀྱི་བརྡ་རྙིང་གི་བཤད་པའི་ནང་གསལ། དཔེར་ན། རིན་ཆེན་འཕྲེང་
བ་ལ
མ་རིམ་ཆེན་མོར་དྲང་ས་པ་ལས། རྗེའུ་ཚོས་སུམ་བརྒྱའི་ཁ་ཟས་དག ཉིན་རེ་དུས་གསུམ་སྦྱིན་པས་
ཀྱང་།
བྱམས་པ་ཡུད་ཙ་མ་ཐང་ཅིག་ག་གི། བསོད་ནམས་དག་ལ་ཆར་མི་ཕོད། ཅེས་གསུངས།
རྫོགས་ཆེན། དྲི་མ་ཐམས་ཅ་ད་དང་བྲལ་བའི་ད་ལྟའི་རིག་པ་གསལ་སྟོང་རྗེན་པ་འདི་ལ་རྫོགས་པ་ཆེན་པོ་ཟེར། སྒྲ་
བཤད་ནི།
སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་སྟོང་པ་འདིའི་ནང་དུ་རྫོགས་
པས་ན་རྫོགས་པ་དང་།
དེ་ལས་ལྷག་པའི་འཁོར་བ་ལས་གྲོལ་བའི་ཐབས་གཞན་མཆོག་ཏུ་གྱུར་པ་མེད་པས་
ན་ཆེན་པོ་
ཟེར་གསུང་། ཕྱག་ཆེན་སློན་ལམ་གྱི་འགྲེལ་པ་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་མཛད་པ་ལས།
འདི་ལ་དགོང་ས་ནས་བདེ་གཤེགས་ཕག་པོ་གྲུབ་པས། འཁོར་དང་མྱ་ང་ན་འདས་པའི་ཆོས། སེམས་སུ་
རྫོགས་པས་རྫོགས་ཆེན་ཡིན།
ཞེས་གསུང་ས་པ་ཡིན་ནོ། ཞེས་གསུངས།
རྫོགས་བྱེད་ཀྱི་ལས། རྟེན་དེ་ལ་ཡན་ལག་ད་ང་ཉིང་ལག་ད་བང་པོ་རྣམས་ཆང་མ་ཆང་། བདེ་སྡུག་དབུལ་ཕྱུག་
སོགས་
སོ་སོར་འབྱིན་པར་བྱེད་པའི་ལས།
རྫོགས་རིམ། བསྒོམས་སྟོབས་ཀྱིས་རླུང་ད་བུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སློབ་པའི་རྒྱུད་ཀྱི་
རྣལ་
འཔྱོར་ད། རྫོགས་རིམ་གྱི་མཚན་ཉིད་དུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གསུང་། དེ་ལ་དཔལ་
ལ་ལྗན་
ཆོས་རྗེས་དེ་བླ་མེད་སྤྱིའི་རྫོགས་རིམ་གྱི་དབང་དུ་བྱས་སམ་སྙམ་སྟེ། སྤྱིར་རྫོགས་རིམ་ཡིན་ན་རླུང་དབུ་མར་ཞུགས་གནས་
ཐིམ་གསུམ་བྱས་པ་ལས་བྱུང་
བས་མ་ཁྱབ་པའི་ཕྱིར་ཏེ། དུས་འཁོར་གྱི་ལུགས་ཀྱི་སོ་བསམ་གཉིས་ལུང་དབུ་མར་འཛུད་པའི་སྔོན་
འགྲོ་ཡིན་པའི་ཕྱིར། ཞེས་ཀྱིང་གསུངས། སྒྲ་བཤད་ནི། རྫོགས་པ་ནི་གྲུབ་པ། རིམ་པ་ནི་རྣམ་པའོ། རིམ་པ་ནི།
རྣམ་པ་དང་ཆ་དང་ཕྱོགས་ཞེས་བྱ་བའི་མིང་གི་རྣམ་གྲངས་ཡིན་པར། ཤཱནྟི་པས་གསུངས་ཞེས་སྔགས་རིམ་
ཆེན་མོར་གསལ། དེས་ན་བློས་མ་བཅོས་པར་གྲུབ་པའི་རྣམ་པ་ཡིན་པས་རྫོགས་རིམ་ཞེས་བྱ་སྟེ། དེ་ཡ་ང་
བསྐྱེད་རིམ་ལྟར་བློ
ས་བཅོས་ནས་བསྐྱེད་པ་ཙམ་མིན་པར་དངོས་གནས་ལ་རླུང་སེམས་ཙ་མ་ལས་རང་ཉིད་
ལྷའི་སྐུར་
རྫོགས་པའམ་གྲུབ་པའི་རྣམ་པ་ཡིན་པས་དེ་སྐད་ཅེས་བྱ། རྒྱས་པར་སྔགས་རིམ་ཆེན་མོ་ལས་



tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*