603
ཆེ་རབས་སྔ་མའི་ལས་དབང་གིས་ཆེ་འདིར་ལུས་ད་མན་པར་གྱུར་པ་དང་། ནད་བུ་ཅ་ན་དང་། དབུལ་
ཕོངས་དང་།
མི་མ་ཨིན་པས་གཅིས་པ་དག་གི་སྡུག་བསྔལ་རྣམས་འཕྲལ་དུ་ཞི་བར་བྱེད་ནས་རྣལ་འབྱོར་ལ་
སྦྱོར་བར་བྱེད་པས་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་མིང་དུ་ཐོགས་ས་སོ། ཞི་བྱེད་ཀྱི་ཆོས་ཀྱི་སྙིང་པོར་གྱུར་
པ་ནི།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུལ་རྒྱས་འབྲིང་བསྡུས་གསུམ་གྱི་དོན་མ་ལུས་པ་ཉམས་སུ་ལེན་པའི་
མན་ངག་
ཀུན་ལ་མ་གྲགས་པའི་ཁྱད་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རིམ་པ་ཞེས་བྱ་བ་འདི་
ཉིད་ཡིན་ནོ།
གཅོད་ཀྱི་གདམས་པའང་ཞི་བྱེད་པའི་ཆོས་ཆན་ཞིག་ཡིན།
ཞི་ལྷག་གཉིས་ཀ་ད་གོས་པའི་རྒྱུ་མཚ་ན། དཔེར་ན་མཆན་མོ་ལོགས་རིས་བལྟ་བའི་དོན་དུ་མར་མེ་སྦར་བ་ན་
མར་མེ་ཤིན་ཏུ་གསལ་བ་དང་།
རླུང་གིས་མི་གཡོ་བ་གཉིས་དང་ལྡན་ན་བྲིས་སྐུ་རྣམས་ཤིན་ཏུ་གསལ་བར་
མཐོང་ལ།
མར་མེ་མི་གསལ་བའམ། གསལ་ཡང་རླུང་གིས་བསྐྱོད་ན་གཟུགས་རྣམས་གསལ་བར་ནི་
མཐོང་བ་བཞིན་དུ།
ཟབ་མོའི་དོན་ལྟ་བ་ལ་ཡང་དེ་ཁོན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ངེས་པའི་ཤེས་
རབ་དང་།
སེམས་དམིགས་པ་ལ་ཇི་ལྟར་འདོད་པ་བཞིན་དུ་གནས་པའི་མི་གཡོ་བ་གཉིས་དང་ལྡན་ན་དེ་ཁོ་
ན་ཉིད་གསལ་བར་མཐོང་གི
སེམས་གཞན་དུ་མི་འཕྲོ་བར་གནས་པའི་མི་རྟོག་པའི་ཏིང་ངེ་འཇིན་ཡོད་
ཀྱང་ཡིན་ལུགས་རྟོགས་པའི་ཤེས་རབ་མེད་ན་
ཏིང་ངེ་འཛིན་ལ་ཇི་ཙ་མ་གོམས་ཀྱང་། ཨིན་ལུགས་རྟོགས་པ་
མི་སྲིད་ལ།
བདག་མེད་ཁོང་དུ་ཆུད་པའི་ལྟ་བ་ཡོད་ཀྱང་སེམས་རྩེ་གཅིག་ཏུ་གནས་པ་བརྟན་པའི་ཏིང་ངེ་
འཛིན་མེད་ན།
ཡིན་ལུགས་ཀྱི་དོན་གསལ་བར་མཐོང་བ་མི་སྲིད་པའི་ཕྱིར། ཞེས་ལམ་རིམ་ཆེ་ཆུང་ད་
སུང་ས་པ་ལྟར་ར་རོ། དེ་ཡང་དོན་བསྡུ་ན། ལོགས་རིས་ནི་སྟོང་པ་ཉིད་ཀྱི་དོན་དང་། མར་མེའི་གསལ་ཆ་
ནི་ལྷག་མཐོང་།
རླུང་གིས་མི་གཡོ་བ་ནི་ཞི་གནས་ཏ། ལོགས་རིས་ཀྱི་སྟོང་ཉིད་ཀྱི་དོན་གསལ་བར་མཐོང་བ་
ལ།
ལྷག་མཐོང་གི་མར་མེའི་གསལ་ཆ་དང་། ཞི་གནས་ཀྱི་མི་གཡོ་བ་གཉིས་ཀ་དང་ལྡན་པ་དགོས་སོ་ཞེས་
བྱ་བའི་དོན་ནོ།
འདི་ཡང་སྐྱེས་བུ་ཆེན་པོའི་སྐབས་ཡུལ་སྟོང་ཉིད་ལ་སྦྱར་ནས་གསུང་ས་པ་ཡུལ་གཞན་
ལའང་
སྦྱོར་ཚུལ་ཡང་ཤེས་དགོས་སོ།
ཞི་ལྷག་དུས་མཉམ་དུ་ཐོབ་ཚུལ། སྔགས་ལུགས་ལ་ཞི་ལྷག་དུས་མཉམ་དུ་ཐོབ་ཚུལ་ནི། བསྐྱེད་རིམ་རགས་པ་
སྔོན་སོང་ནས། རྫོགས་རིམ་རླུང་སེམས་སྡུད་སྟོབས་ཀྱིས། དགའ་བཞི་ལུགས་འབྱུང་ལྷན་སྐྱེས་བདེ།
ཐོག་མར་ཐོབ་དང་ཞི་གནས་དང་། ལྷག་མཐོང་ཐོབ་པ་དུས་མཉམ་ཡིན། ཞེས་གསུང་ས་པ་ལྟར་རོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*